ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རི་སིའི་གནམ་གྲུ་ཞིག་ལ་དོན་རྐྱེན་བྱུང་བར་གཞིགས་ནས་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རི་སིའི་གནམ་གྲུ་ཞིག་ལ་དོན་རྐྱེན་བྱུང་བར་གཞིགས་ནས། ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། སྐུ་ཉིད་རྒྱལ་ཁབ་ཀྱི་གནམ་གྲུ་ཞིག་ཏ་ཏན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཏུ་དོན་རྐྱེན་བྱུང་ནས། མི་སྣའི་ཤི་རྨས་ཆེན་པོ་བྱུང་བར་གློ་བུར་དུ་ཤེས། ངས་འདས་པོ་དག་ལ་མྱ་ངན་དྲག་པོ་ཞུ་བ་དང་། འདས་པོའི་ཁྱིམ་མི་དང་རྨས་ཕོག་པའི་མི་སྣར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་ཡིན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།