ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་དང་ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན་ལ། དྲ་རྒྱའི་བདེ་འཇགས་ནི་མི་དམངས་ལ་བརྟེན་དགོས་པ་ཡིན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2021ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་དེ་ཟླ10པའི་ཚེས11ནས17ཉིན་བར་ཧྲའན་ཞིའི་ཞི་ཨན་ནས་སྤེལ་རྒྱུ་ཡིན་ལ། དུས་མཚུངས་སུ་ཚེས11ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་ཡང་ཟི་ལིང་གྲོང་ཁྱེར་དུ་སྤེལ། 

རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་ནི“དྲ་རྒྱའི་བདེ་འཇགས་མཉམ་སྐྲུན་དང་དྲ་རྒྱའི་དཔལ་ཡོན་མཉམ་རོལ”གྱི་ཆེད་དུ་སྤེལ་བའི་བརྗོད་དོན་གཙོ་བའི་བྱ་འགུལ་ཞིག་ཡིན་ཞིང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གཞུང་ལས་ཁང་། སློབ་གསོ་པུའུ། སྤྱི་བདེ་པུའུ་སོགས་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་བསྒྲུབས་པ་ཞིག་ཡིན། 

ཉེ་བའི་ལོ་འགའི་རིང་། ཆ་འཕྲིན་ལག་རྩལ་མགྱོགས་མྱུར་གྱིས་འཕེལ་རྒྱས་ཕྱིན་པ་དང་སྦྲེལ་དྲ་བེད་སྤྱོད་ཁྱབ་གདལ་དུ་སོང་བ་དང་བསྟུན་ནས། སྔར་ལས་མང་བའི་རྩ་འཛུགས་ཀྱིས་མི་སྒེར་གྱི་ཆ་འཕྲིན་འབོར་ཆེན་བསྡུ་རུབ་དང་བེད་སྤྱོད་བྱས་ཤིང་། མི་རྣམས་ཀྱི་སློབ་སྦྱོང་དང་། ལས་ཀ འཚོ་བ་བཅས་ལ་སྟབས་བདེ་ཆེན་པོ་བཟོས་ཡོད། དེའི་རྐྱེན་གྱིས་མིག་སྔར་གྱི་གནས་བབ་འོག དྲ་རྒྱའི་བདེ་འཇགས་ལྷག་པར་གལ་ཆེན་དུ་གྱུར་ཡོད། 

འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་གི་དྲ་ལམ་མགོ་སྐོར་ཇི་ལྟར་འགོག་དགོས་སམ། 

གཅིག འཕྲིན་ཐུང་དང་ཁ་པར་གྱི་མགོ་སྐོར་ལ་གཟབ་དགོས། མགོ་སྐོར་པས་འཕྲིན་ཐུང་དང་ཁ་པར་བརྒྱུད་ནས་ཁྱེད་ལ་བྱ་དགའ་ཆེན་པོ་ཐོབ་པར་བརྡ་གཏོང་བ་དང་། སྦྲེལ་ཐག་བསྐུར་ནས་མཛུབ་སྟོན་ལྟར་ཁྱེད་ལ་མགོ་སྐོར་གཏོང་བ། 

གཉིས། “འདྲ་བསྐྱེད”གྲོགས་པོའི་མགོ་སྐོར་ལ་གཟབ་དགོས། མགོ་སྐོར་པས་ཁྱེད་རང་རྒྱུས་མངའ་ཡོད་པའི་མི་ཡི་སྐད་འཕྲིན་ནམqqམགོ་པར་དང་གཅེས་མིང་བརྐུས་ཏེ། ཁྱེད་ལ་སྒོར་མོ་བསྐྱིས་ནས་མགོ་སྐོར་གཏོང་བ། 

གསུམ། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་གསུམ་གང་རུང་གི་མིར་བརྫུས་ནས་ཁོར་སྒོར་མོ་སྐུར་བའམ་བདེ་འཇགས་དངུལ་བྱང་སྟེང་སྒོར་མོ་སྐུར་དགོས་པ་ཞེས་བཤད་པར་གཟབ་དགོས། 

བཞི། ཁྱིམ་མིར་དོན་རྐྱེན་བྱུང་བར་ཁ་གཡར་ནས་སྔོན་ལ་སྒོར་མོ་སྐུར་དགོས་ཞེས་བཤད་པར་གཟབ་དགོས། 

ལྔ། ཁྱེད་རང་ལ་དྲ་ཚིགས་ཐོ་འགོད་བྱས་ཏེ་བདའ་འདེད་བཀའ་རྒྱར་ལྟ་དགོས་ཞེས་བཤད་པར་གཟབ་དགོས། 

མཐའ་མཇུག 【སྤྱི་བདེའི་གསལ་འདེབས】 

རྒྱ་ཆེ་བའི་དྲ་དམངས་ཀྱིས་ལས་ཀ་དང་འཚོ་བའི་ཁྲོད། གལ་ཏེ་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཁྲིམས་འགལ་གྱིས་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་། བེད་སྤྱོད་དམ་སྤྱི་སྒྲོག་བྱེད་པའི་བྱ་སྤྱོད་མཐོང་ཚེ། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གཞུང་ལས་ཁང་དང་། སྤྱི་བདེ་སྡེ་ཁག་ལ་དུས་ལྟར་ཞུ་གཏུག་བྱས་ཆོག 

རྩོམ་སྒྲིག་པ། : གསང་བདག་རྒྱལ།