ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྦྲག་སྲིད་ཀྱིས《ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་འཁོར110ལོན་པའི》དྲན་གསོའི་སྦྲག་རྟགས་འགྲེམས་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས10ཉིན། ཀྲུང་གོའི་སྦྲག་སྲིད་ཀྱིས《ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་འཁོར110ལོན་པའི》དྲན་གསོའི་སྦྲག་རྟགས་ཆ་ཚང་གཅིག་འགྲེམས་སྤེལ་བྱས་པ་དང་། སྦྲག་རྟགས་ཆ་ཚང་གི་ངོས་ཐང་སྒོར1.20རེད། སྦྲག་རྟགས་གྲངས་འབོར་ཁྲི670འགྲེམས་སྤེལ་བྱ་རྩིས་ཡོད། 

སྦྲག་རྟགས་དེ་ནི་ཧྥེང་ཡོན་གྱིས་ཇུས་འགོད་བྱས་པ་དང་སྦྲག་རྟགས་ཀྱིས་ཝུའུ་ཁྲང་འོས་ལངས་དུས་སྐབས་ཀྱི་གསར་བརྗེའི་དཔའ་བོས་དར་ཆ་མཐོན་པོར་བསྒྲེངས་ནས་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་མགོ་རྟིང་སློག་པའི་རྣམ་པ་མངོན་པ་དང་། ཚོན་མདངས་བརྗིད་ཉམས་ལྡན་པ། རིམ་པ་ཕུན་སུམ་ཚོགས་པ། མི་སྣ་གསོན་ཉམས་ལྡན་པ་ཞིག་རེད།  སྦྲག་རྟགས་དེེ་ནི་པེ་ཅིང་སྦྲག་རྟགས་བཟོ་གྲྭ་ཚད་ཡོད་ཀུང་སིས་པར་རིས་སུ་འབྲི་བའི་བཟོ་རྩལ་ལ་བརྟེན་ནས་པར་སྐྲུན་བྱས་པ་ཡིན་ལ། སྨུག་ཕྱིའི་གློག་སྒྲོན་འཕྲོས་བའི་ཚེ་སྦྲག་རྟགས་དེས་མེ་འོད་དམར་པོའི་སྒྱུ་རྩལ་གྱི་ཕན་འབྲས་མངོན།  ཀྲུང་གོའི་སྦྲག་སྲིད་ཀྱིས“ཀྲུང་གོའི་སྦྲག་རྟགས་ཀྱི་ཤེས་བྱ་ཀུན་བཏུས”སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་བརྒྱུད་དེ། ཁྱབ་བསྒྲགས་བྱས་པའི་གྲངས་འཛིན་ཅན་གྱི་ནང་དོན་དགARཡི་ནུས་པ་སྤྱད་དེ་ལྟ་ཐུབ།  རྒྱལ་ཡོངས་སུ་གཏན་འཁེལ་བྱས་པའི་སྦྲག་སྲིད་དྲ་ཚིགས་དང་ཀྲུང་གོའི་སྦྲག་སྲིད་ལག་ཁྱེར་ཁ་པར་གྱི་སྤྱོད་སྣེ།  ཀྲུང་གོའི་སྦྲག་སྲིད་ཀྱི་སྦྲག་སྲིད་ཅུའུ་ཆུང་བའི་སྦྲག་སྒྲུབ་སྐད་འཕྲིན་ཚོང་ར་དང་ཀྲུང་གོའི་སྦྲག་སྲིད་ཚོང་ཁང་གི་སྐད་འཕྲིན་གྱི་བྱ་རིམ་ཆུང་བ་བཅས་སུ་ཕྱིར་འཚོང་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།