ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་བར་རྒྱུད་དང་སྨད་རྒྱུད་ཀྱི་སྟོན་དུས་ཀྱི་ཆུ་ལོག་སྔོན་འགོག་གི་མཁོ་བསྟུན་རིམ་པⅣནསⅢསྤར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས7ཉིན་མཁོ་བསྟུན་དོ་དམ་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན། 《རྒྱལ་ཁབ་ཞོད་ཐན་སྔོན་འགོག་མཁོ་བསྟུན་སྔོན་ཇུས》ཀྱི་འབྲེལ་ཡོད་གཏན་འབེབ་ལྟར། རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཟླ10པའི་ཚེས7ཉིན་གྱི་དུས་ཚོད12ནས་བཟུང་། རྨ་ཆུ་བར་རྒྱུད་དང་སྨད་རྒྱུད་ཀྱི་སྟོན་དུས་ཆུ་འབྲུམ་ལ་དམིགས་ནས། ཆུ་ལོག་སྔོན་འགོག་གི་མཁོ་བསྟུན་རིམ་པⅣནསⅢསྤར་བ་དང་། ལྷོ་རྒྱ་མཚོའི་ཚ་ཁུལ་གྱི་རླུང་གནོན་དམའ་མོ་ལ་དམིགས་ནས། ཆུ་ལོག་སྔོན་འགོག་དང་རྒྱ་མཚོའི་རླུང་འཚུབ་གྱི་མཁོ་བསྟུན་རིམ་པⅣལ་བསྒྱུར་བ་རེད། རྒྱལ་ཁབ་ཞོད་ཐན་སྔོན་འགོག་གཞུང་ལས་ཁང་གིས་དེ་སྔོན་ཧྲན་ཞི་དང་ཧི་ནན། ཧྲན་ཏུང་བཅས་ལ་ལས་སྒྲུབ་ཚོ་ཆུང་མངགས་ནས་ཆུ་ལོག་སྔོན་འགོག་བྱ་བར་རོགས་འདེགས་བྱས་པ་མ་ཟད། ཚེས7ཉིན་ཡང་བསྐྱར་ཧེ་ནན་ཞིང་ཆེན་ལ་ལས་སྒྲུབ་ཚོ་ཆུང་མངགས་ནས་ཆུ་ལོག་སྔོན་འགོག་དང་རླུང་འཚུབ་འགོག་པའི་བྱ་བ་བཟང་བོ་སྒྲུབ་པར་རོགས་འདེགས་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།