ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར5.15ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། རིག་གནས་དང་ཡུལ་སྐོར་པུའུ་ཡི་གཞི་གྲངས་ལྟེ་གནས་ཀྱིས་གནས་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་དང་འཕྲིན་གཏོང་ཚོང་གཉེར་ཀུང་སི། དྲ་ཐོག་གི་ཡུལ་སྐོར་ཞབས་ཞུའི་ཚོང་གཉེར་བའི་གཞི་གྲངས་བཅས་ལ་གཞི་བྱས་ཏེ་ཚོད་རྩིས་བྱས་པ་ཡིན་ན། ཟླ10བའི་ཚེས1ཉིན་ནས་ཚེས7ཉིན་བར། རྒྱལ་ཡོངས་སུ་རྒྱལ་ཁབ་ནང་ཁུལ་དུ་ཡུལ་སྐོར་དུ་ཕྱིན་པའི་མི་ཐེངས་དུང་ཕྱུར5.15ཟིན་པ་དེ་བསྡུར་གཞི་ཡོད་པའི་གཞི་གྲངས་དང་བསྡུར་ན་དུས་མཉམ་ལས1.5%ཇེ་ཉུང་དུ་ཕྱིན་ཡོད་ལ། བསྡུར་གཞི་ཡོད་པའི་གཞི་གྲངས་དེ་རིམས་ནད་མ་བྱུང་སྔོན་གྱི་དུས་མཉམ་གྱི70.1%སླར་གསོ་བྱུང་ཡོད། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར3890.61ཟིན་པ་དེ་དུས་མཉམ་ལས4.7%ཉུང་འཕྲི་བྱུང་བ་དེ་རིམས་ནད་མ་བྱུང་སྔོན་གྱི་དུས་མཉམ་གྱི59.9%སླར་གསོ་བྱུང་ཡོད། ཡུལ་སྐོར་བའི་བློ་ཡིད་ཚིམས་ཚད85.5རེད་ལ། གུང་གསེང་གི་ཁྲོམ་རའི་སྤྱི་བཀོད་བདེ་འཇགས་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་གནས་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།