ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྟོན་རིང་རྒྱལ་ཡོངས་སུ་དཔག་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར4.03སྐྱེལ་འདྲེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་གློག་འཕྲིན་ལྟར་ན། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་གསལ་ལྟར་ན། ཟླ10བའི་ཚེས1ཉིན་ནས་ཚེས7ཉིན་བར། རྒྱལ་ཡོངས་སུ་སྔོན་དཔག་བྱས་ན་བསྡོམས་པས་འགྲུལ་པ་མི་ཐེངས་དུང་ཕྱུར4.03སྐྱེལ་འདྲེན་བྱས་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི5750ཟིན་ལ་དེ2019ལོའི་དུས་མཉམ་ལས་ཉིན་རེར་ཆ་སྙོམས33.9%མར་ཆག་པ་དང་། 2020ལོའི་དུས་མཉམ་ལས་ཉིན་རེར་ཆ་སྙོམས7.5%མར་ཆག་ཡོད།    

ཟླ10པའི་ཚེས1ཉིན་ནས་ཚེས7ཉིན་བར། དཔག་རྩིས་བྱས་ན་རྒྱལ་ཡོངས་སུ་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི931སྐྱེལ་འདྲེན་བྱས་ཡོད།     

དཔག་རྩིས་བྱས་ན་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི8307.3སྐྱེལ་འདྲེན་བྱས་ཤིང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི1186.8སླེབས་པ་དེ2019ལོའི་དུས་མཉམ་ལས་ཉིན་རེར་ཆ་སྙོམས19.3%མར་ཆག་ལ། 2020ལོའི་དུས་མཉམ་ལས་ཉིན་རེར་ཆ་སྙོམས2.9%མར་ཆག སྔོན་དཔག་བྱས་ན་གཞུང་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར3.04སྐྱེལ་འདྲེན་བྱས་ཤིང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི4340སླེབས་པ་དེ2019ལོའི་དུས་མཉམ་ལས་ཉིན་རེར་ཆ་སྙོམས36.7%མར་ཆག་ལ། 2020ལོའི་དུས་མཉམ་ལས་ཉིན་རེར་ཆ་སྙོམས8.3%མར་ཆག དཔག་རྩིས་བྱས་ན་ཆུ་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི631.2སྐྱེལ་འདྲེན་བྱས་ཤིང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི90.2སླེབས་པ་དེ2019ལོའི་དུས་མཉམ་ལས་ཉིན་རེར་ཆ་སྙོམས53.3%མར་ཆག་ལ། 2020ལོའི་དུས་མཉམ་ལས་ཉིན་རེར་ཆ་སྙོམས7.4%མར་ཆག དཔག་རྩིས་བྱས་ན་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི931སྐྱེལ་འདྲེན་བྱས་ཤིང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི135སླེབས་པ་དེ2019ལོའི་དུས་མཉམ་ལས་ཉིན་རེར་ཆ་སྙོམས26.9%མར་ཆག་ལ། 2020ལོའི་དུས་མཉམ་ལས་ཉིན་རེར་ཆ་སྙོམས19.7%མར་ཆག་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།