ཀྲུང་གོ་བོད་ཀྱི་དྲ་བ།

ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཚེས9ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་རྒྱུ་ཡིན་པ་དང་ཞི་ཅིན་ཕིང་ཚོགས་ཆེན་སྟེང་ཞུགས་ནས་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10པའི་ཚེས9ཉིན་གྱི་སྔ་དྲོའི་དུས་ཚོད10སྟེང་ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུའི་སྟེང་ཞུགས་ནས་གསུང་བཤད་གལ་ཆེན་གནང་རྒྱུ་རེད། 

དེ་དུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཞིན་ཧྭ་དྲ་བས་ཚོགས་འདུའི་གནས་ཚུལ་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་མ་ཟད། མི་དམངས་དྲ་བ་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དྲ་བ། ཀྲུང་གོའི་དྲ་བ་སོགས་ཀྲུང་དབྱང་གི་གསར་འགྱུར་དྲ་ཚིགས་གཙོ་བོ་དང་མི་དམངས་ཉིན་རེའི་ཚགས་པར་གྱི་སྤྱོད་སྣེ་དང་ཞིན་ཧྭ་གསར་འགྱུར་ཁང་གི་སྤྱོད་སྣེ། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་གྱི་སྤྱོད་སྣེ་སོགས་སྨྱན་བྱད་གསར་པའི་སྟེགས་བུ་རྣམས་དུས་མཉམ་དུ་བརྒྱུད་གཏོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།