ཀྲུང་གོ་བོད་ཀྱི་དྲ་བ།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨིག་གིས་ཉིས་སྟོང་ཉེར་གཅིག་ལོའི་སྲིད་འཛིན་སྙན་ཞུ་སྤེལ།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།   རྩོམ་པ་པོ། : བསོད་ནམས་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨིག་གིས་ཚེས་དྲུག་ཉིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ཚོགས་པ་ནས་འགན་ཡུན་ནང་གི་ཨང་ལྔ་བ་དང་སྐབས་འདིའི་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གི་ཆེས་མཇུག་མཐའི་སྲིད་འཛིན་སྙན་ཞུ་སྤེལ། ལིན་ཀྲིན་ཡའོ་ཨིག་གིས་བཤད་རྒྱུར། ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་རྒྱལ་གཅེས་མཁན་གྱིས་ཞང་ཀང་སྐྱོང་བའི་འགེབས་སྲུང་འོག ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཡང་དག་པའི་ལམ་དུ་ཞུགས་ཡོད་པ་དང་། དོ་དམ་བཅོས་སྐྱོང་གི་སྒྲིག་ལམ་རྒྱུན་ལྡན་དུ་གྱུར་ཡོད། དུས་ཡུན་རིང་བོར་གཏན་འཇགས་ཡོང་ཆེད་ཞང་ཀང་གི་གྲོང་ཁྱེར་སྡོད་དམངས་ཚང་མས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལ་སྔར་ལས་ངོས་འཛིན་གསལ་བོ་བྱེད་པ་དང་། རྣམ་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་གཟི་བརྗིད་དུ་བརྩི་བ། ཀྲུང་གོ་བའི་ཐོབ་ཐང་ང་རྒྱལ་དུ་བྱས་ཏེ། ཧུར་ཐག་སྒོས་ཞང་ཀང་གི་ཐུན་མིན་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་གཞོལ་དགོས་ཟེར། 

ལིན་ཀྲིན་ཡའོ་ཨིག་གིས་མཚམས་སྦྱོར་བྱས་དོན། ཐེངས་འདིའི་སྲིད་འཛིན་སྙན་ཞུ་དེ་གཅིག་བསྡུས་སྒོས་འཕེལ་རྒྱས་ལ་དམིགས་ཡོད་པ་དང་། ཞང་ཀང་གི་ཆེད་དུ་མ་འོངས་འཆར་འགོད་བྱེད་དགོས། འཆར་འགོད་ཀྱི་གཙོ་གནད་ནི་ཞང་ཀང་གི་བྱང་ཕྱོགས་འཛུགས་སྐྲུན་བྱས་ནས་འཚོ་སྡོད་དང་ལས་སྐྲུན། གནས་སྐོར་བཅས་ལ་འཚམ་པའི་ས་ཁུལ་ཞིག་ཏུ་འགྱུར་བར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འཚོ་སྡོད་དང་ཐོན་ལས་འཕེལ་རྒྱས་ལ་འཚམ་པའི་ས་ཁུལ་གསར་འབྱེད་བྱེད་པ་འདུས་ཟེར། ལིན་ཀྲིན་ཡའོ་ཨིག་གིས་བསྟན་དོན། གྲོང་ཁྱེར་སྡོད་དམངས་བདེ་སྡོད་བྱེད་དུ་འཇུག་པ་ནི་སྡོད་ཁང་སྲིད་ཇུས་གྱི་དམིགས་འབེན་གཙོ་བོ་ཡིན་ཟེར། སྙན་ཞུ་ལས་ད་རུང་སློབ་གསོ་དང་སྨན་བཅོས་སོགས་དམངས་འཚོའི་ལས་དོན་ལ་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།