ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཅེ་ཁྲི་ཡིས་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལེ་ཝུན་དང་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།   རྩོམ་པ་པོ། : བསོད་ནམས་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིན་གྱིས་ཚེས་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་མགོ་གཙོས་ཟླ་དགུ་བའི་ཚེས་བཅུ་ཉིན་ཁ་པར་བཏང་སྟེ་ཐུན་མོང་གི་ལྟ་ཚུལ་བཀོད་པ་ལྟར་ན། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་དང་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལེ་ཝུན་གཉིས་ཀྱིས་སུའེ་ཙེར་གྱི་སུའུ་ལོས་ཧྲི་ནས་གྲོས་མོལ་བྱེད་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་འབྲེལ་ཡོད་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།