ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་སྟེ་ཨན་ཐེན་ཝུན་ཞོང་འཇར་པན་གྱི་དབུ་བཞུགས་བློན་ཆེན་དུ་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།   རྩོམ་པ་པོ། : བསོད་ནམས་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བཅུ་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཐེན་ཝུན་ཞོང་ལ་གློག་འཕྲིན་བཏང་སྟེ། ཁོ་རང་འཇར་པན་གྱི་དབུ་བཞུགས་བློན་ཆེན་དུ་བདམས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གྱི་རྒྱལ་ཁོངས་གཅིག་ཏུ་འབྲེལ་ཡོད་ཅིང་། ཀྲུང་གོ་དང་འཇར་པན་གྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་མཐུན་པར་མ་ཟད། ཨེ་ཤ་ཡཱ་གླིང་དང་འཛམ་གླིང་གི་ཞི་བདེ། གཏན་འཇགས། དར་རྒྱས་བཅས་ལ་ཕན་ཐོགས། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་ཀྲུང་འཇར་གྱི་ཆབ་སྲིད་ཡིག་ཆ་བཞི་ལས་གཏན་འཁེལ་བྱས་པའི་རྩ་དོན་སྣ་ཚོགས་བརྩི་སྲུང་བྱེད་པ་དང་། གྲོས་མོལ་འབྲེལ་འདྲིས་ལ་ཤུགས་སྣོན་དང་ཡིད་ཆེས་མཉམ་ལས་ཇེ་དྲག་ཏུ་བཏང་སྟེ། ཧུར་ཐག་སྒོས་དུས་རབས་གསར་བའི་རེ་བ་དང་འཚམ་པའི་ཀྲུང་འཇར་འབྲེལ་བ་འཛུགས་དགོས། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།