ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཆེན་སྐབས་ཀྱི་མི་སེམས་དྲོ་བའི་ཞབས་ཞུ་ལས་ཐོག་མའི་འགན་འཁྲི་ལག་ལེན་དུ་བསྟར།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།   རྩོམ་པ་པོ། : བན་དེ་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2021-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐེངས་འདིའི་རྒྱལ་སྟོན་དུས་ཆེན་སྐབས་སུ། ས་ཁུལ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་དང་བླངས་པས་ངེས་པ་དོན་གྱིས་དུས་ཆེན་སྐབས་ཀྱི་ཞབས་ཞུ་ལ་བརྟེན་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་འགྲུལ་བར་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་ཞུ་བྱེད་པའི་དོན་དངོས་འགུལ་སྐྱོད་ཁྲོད་དངོས་འབེབས་བྱས་ཏེ། ཐོག་མའི་འགན་འཁྲི་ལག་ལེན་དུ་བསྟར། 

པེ་ཅིང་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏན་འཇགས་ངང་སྤེལ། ཐེངས་འདིའི་རྒྱལ་སྟོན་དུས་ཆེན་སྐབས་སུ། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་ཡོད་པའི་དམངས་ལ་ཞབས་ཞུ་བྱེད་པའི་རླངས་འཁོར་སྟེང་གནས་སྐོར་བར་ཆེ་བ་བཅའ་ཁྲིམས་དྲིལ་སྒྲོག་བྱེད་པ་ནས་ཆུང་བ་བོར་དངོས་ལེན་ས་སོགས་ཞབས་ཞུའི་རྣམ་གྲངས་ཁ་སྣོན་བྱས་པས། གནས་སྐོར་བའི་ཡིད་སེམས་དྲོ་བའི་གནས་ཤིག་ཏུ་གྱུར་ཡོད། གློ་བུར་དུ་ཆར་ཆེན་འབབ་པའི་སྐབས་སུ། བྱིས་པ་རྣམས་ལ་ཆར་ཞོལ་བྱེད་དུ་བཅུག་པ་དང་། བྱིས་པ་ཁུར་བའི་གནས་སྐོར་བར་འཕྲད་ན་གནས་དེ་གནས་སྐབས་ཀྱི་མ་བུའི་ངལ་གསོ་ཁང་དུ་གྱུར་ཡོད། 

ཅང་སུའུ་ཐེ་ཀྲོའུ་ནས་མང་ཚོགས་ཀྱི་བྲེལ་བ་དང་སྡུག་བསྔལ། སེམས་ཁུར། རེ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུའང་མཚམས་བཞག་མེད། པེན་ཅང་གྲོང་རྡལ་གྱི་སྦགས་བཙོག་བཟོས་པའི་ཆུ་བོ་ཞིག་ཏུ་ཆར་ཆུ་དང་བཙོག་ཆུ་ཁ་ཁར་བྱེད་སའི་སྦུག་ལམ་བཅོས་སྒྱུར་བྱེད་བཞིན་ཡོད་པ་དང་ལོ་མཇུག་ཏུ་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་བརྒྱུད་རིམ་ཁྲོད། པེན་ཅང་གྲོང་རྡལ་གྱིས་གཏན་འཁེལ་བྱས་པའི་དོན་དངོས་སྒྲུབ་པའི་ལས་གཞི་ཉིས་བརྒྱ་དང་རེ་བརྒྱད་ཁྲོད་ལས་གཞི་ཉིས་བརྒྱ་དང་ཉེར་དྲུག་ཡོངས་འགྲུབ་བྱས། 

མི་རྣམས་ཀྱིས་སྤྲོ་སྐྱིད་ཀྱི་རྒྱལ་སྟོན་དུས་ཆེན་ལ་རོལ་བའི་སྐབས་སུ། ས་ཁུལ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་དང་བླངས་པས་རིམས་ནད་འགོག་བཅོས་ཀྱི་ཤུགས་ཚད་ཇེ་ཆེར་བཏང་། ཀོང་ཏུང་ཧྥོ་ཧྲན་ནས། ཏང་རྟགས་བཏགས་པའི་ལས་བྱེད་མི་སྣས་རིམས་ནད་འགོག་སྲུང་ལྟ་རྟོག་ཞིབ་བཤེར་ནན་མོ་བྱས། ཧེ་ལུང་ཅང་གི་ཧཱ་ཨར་པེན་ནས། དུས་ཆེན་གྱི་སྐབས་སུ་ཉིང་སྐྱུར་ཞིབ་བཤེར་བྱེད་སར་སྔར་བཞིན་བྲེལ་ཟིང་གིས་ཁེངས་ཡོད་པ་དང་། ཏང་ཡོན་དང་དང་བླངས་པ་རྒན་གཞོན་གང་ཡིན་ཡང་ངལ་མ་གསོས་པར་ལས་འགན་ཁུར་དུ་བླངས་ཡོད། 

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད། ཅང་ཞི་ཞིང་ཆེན་ཧྲིལ་བོར་དཔའ་བོའི་རྗེས་རབས་པར་གཅེས་སེམས་འབུལ་བའི་འགུལ་སྐྱོད་སྤེལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་གཉིས་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་སུ། སྔོན་གཤེགས་དཔའ་བོའི་ཁྱིམ་ཚང་དུ་འཚམས་འདྲི་བྱས་ཏེ་སྔོན་གཤེགས་དཔའ་བོའི་རྗེས་རབས་པའི་དོན་དངོས་དཀའ་ཁག་ཐག་གཅོད་བྱས། 

ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ཀང་ཁྲིན་ཆུའུ་ནས། ས་ཁུལ་ཧྲིལ་བོར་ཁེབས་པའི་བདེ་སྐྱིད་ཟ་ཁང་ཉིས་བརྒྱ་དང་བཅུ་བཞི་ཡིས་ངལ་གསོ་མ་བྱས་པ་དང་། ཏང་ཡོན་དང་བླངས་པ་གཙོ་བྱས་ཏེ་ས་ཁུལ་རང་གི་ལོ་ལོན་བདག་མེད་དང་ངལ་རྩོལ་ནུས་པ་ཕལ་ཆེར་ཉམས་པའི་རྒན་པ་སོགས་ལ་དུས་ཆེན་གྱི་སྐབས་སུ་ཁ་ཟས་དྲོན་མོ་ཞིག་ལོངས་སུ་སྤྱོད་ཐུབ་པར་བྱས། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།