ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ72འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ཏེ། སྤྲོ་སེམས་འཁོལ་བའི་ངང་ཀྲུང་ཧྭ་མི་དམས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་གཉིས་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དག་རྒྱལ་ཁབ་ཕྱི་ནང་གི་མི་སྣ་ལྔ་བརྒྱ་ཙམ་དང་ལྷན་དུ་འཛོམས་ཏེ། མཉམ་དུ་ཀྲུང་ཧྭ་མི་དམས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་གཉིས་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས། 

ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུའི་ཡས་མས་སུ། སྤྲོ་སྐྱིད་ཀྱི་མགྲོན་བསུའི་རོལ་དབྱངས་དང་བསྡོངས་ནས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོམས་ཁང་དུ་ཕེབས་པ་དང་། ཚོགས་ར་ཧྲིལ་བོར་ཐལ་མོ་རྡེབ་སྒྲས་ཁེངས། 

སྣེ་ལེན་ཚོགས་འདུ་མགོ་བརྩམས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཞུ་ཚིག་ཕུལ། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་དུས་ཆེན་གྱི་དགའ་སྟོན་རྟེན་འབྲེལ་ཞུས་པ་དང་། ཞང་ཀང་དང་ཨོ་མིན་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་སྡོད་རང་མིའི་སྤུན་ཟླ་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་མཛད་པར་མ་ཟད། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོགས་པོར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། 

ལིས་ཁི་ཆང་གིས་གསུང་དོན། ད་ལོར་ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་གཟབ་རྒྱས་ངང་དགའ་སྟོན་རྟེན་འབྲེལ་ཞུས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ཀྲུང་གོ་གསར་བའི་ལོ་ངོ་དོན་གཉིས་རིང་གི་འཕེལ་རྒྱས་གྲུབ་འབྲས་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་པ་དང་། ཁྱད་པར་དུ་དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བཞུད་ལམ་གསར་བ་གསར་འབྱེད་བྱས་ཡོད། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་མགོ་བརྩམས་པའི་ལོ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམས་བྱས་ཤིང་། ཤུགས་ཆེན་པོས་རྙོག་འཛིང་ཆེ་ཞིང་ཛ་དྲག་གི་རྒྱལ་སྤྱིའི་ཁོར་ཡུག་དང་རིམས་ནད་གནས་ཚུལ། ཆུ་ལོག་གི་གནོད་འཚེ་སོགས་ཀྱི་འགྲན་རྩོད་ཐག་གཅོད་བྱས་པ་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་འཕེལ་རྒྱས་སྒུལ་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་ཆེ་མཐོང་སྲིད་ཇུས་ལག་བསྟར་བྱས་ནས་ཁེ་ལས་ཀྱི་དཀའ་ཁག་སེལ་བ་དང་། གསར་གཏོད་ལས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་བ་སྟོབས་ལྡན་དུ་བཏང་སྟེ། ཀྲུང་གོའི་དཔལ་འབྱོར་བསྟུད་མར་སླར་གསོ་འཕེལ་རྒྱས་སུ་འགྲོ་བ་དང་། ལུས་རྩལ་པས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་བཅས་ཀྱི་སྟེང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། མི་དམངས་ཀྱི་འཚོ་བར་ལེགས་བཅོས་ཐོབ་པ་དང་བྱ་གཞག་སྣ་ཚོགས་ལ་གོང་སྤེལ་གྱི་རྣམ་པ་བཟང་བོ་མངོན་ཡོད། 

ལིས་ཁི་ཆང་གིས་བསྟན་དོན། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དཀའ་ཁག་དང་འགྲན་རྩོད་མང་བོ་ཡོད་སྲིད་ཅིང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ལས་འགན་ལྗིད་ཅིང་ལམ་ཐག་རིང་། འཕེལ་རྒྱས་ནི་ཀྲུང་གོའི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་རྨང་གཞི་དང་གནད་འགག་ཡིན། བཅོས་བསྒྱུར་སྒོ་འབྱེད་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན་པ་དང་། ཕྱིན་ཆད་ཀྲུང་གོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་སྒུལ་ཤུགས་ཀྱང་ཡིན། ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཁྱབ་ཁོངས་གཙོ་བོ་དང་གནད་འགག་གི་ལས་རིམ་གྱི་བཅོས་བསྒྱུར་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་བྱེད་དགོས། དམངས་ཀྱི་འདོད་བློ་ནི་སྲིད་འཛིན་གྱི་ཁ་ཕྱོགས་ཡིན། ཕན་ནུས་ལྡན་པའི་ཐབས་ཇུས་མང་བོ་ལག་བསྟར་བྱས་ཏེ་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་དོན་དག་བཟང་བོར་བསྒྲུབ་དགོས། བྱེད་ཐབས་མང་བོར་བརྟེན་ནས་ལས་ཞུགས་ལས་གནས་ཇེ་མང་དུ་བཏང་སྟེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས། རྒན་གསོ་དང་སྨན་བཅོས། སྡོད་ཁང་སོགས་ཁྱིམ་ཚང་ཁྲི་འབུམ་མང་བོར་འབྲེལ་བ་ཡོད་པས། གཞི་རྩའི་དམངས་འཚོ་དེ་ལ་འགན་སྲུང་བྱེད་པའི་ཐད་ལོ་རེར་ཡར་རྒྱས་གོང་འཕེལ་དུ་འགྲོ་དགོས། བྱིས་པ་སྐྱེས་པ་དང་བྱིས་པ་གཉོར་བ། སློབ་གསོའི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། གོ་སྐབས་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་བ་དང་ལས་སྐྲུན་གསར་གཏོད་ལ་སྐུལ་མ་བཏང་སྟེ། ངལ་རྩོལ་འབད་འཐབ་ཁྲོད་ནས་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་འབབ་འཕར་བར་ཡར་སྐུལ་བྱས་ནས། རྒྱུན་ཆད་མེད་པའི་འཕེལ་རྒྱས་ཁྲོད་ནས་དམངས་འཚོའི་ཕན་བདེ་ཇེ་དྲག་ཏུ་གཏོང་དགོས། 

ལིས་ཁི་ཆང་གིས་གསུང་དོན། ང་ཚོས་མུ་མཐུད་དུ་ཕྱོགས་ཡོངས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་བས་ཞང་ཀང་སྐྱོང་བ། ཨོ་མིན་པས་ཨོ་མིན་སྐྱོང་བ། ཚད་མཐོའི་རང་སྐྱོང་གི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཤིང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པ་དང་། ཞང་ཀང་དང་ཨོ་མིན་མེས་རྒྱལ་ནང་ལོགས་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། དམངས་འཚོའི་ལེགས་བཅོས་བྱས་ནས་དུས་ཡུན་རིང་བོའི་དར་རྒྱས་དང་གཏན་འཇགས་སྲུང་འཛིན་བྱེད་དགོས། ཀྲུང་གོ་ནི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། རང་ཉིད་ཀྱི་དོན་དག་བཟང་བོར་བསྒྲུབས་པར་རྐང་བཙུགས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་དང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཡར་སྐུལ་བྱེད་དགོས། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་གྱི་བརྗེ་རེས་དང་མཉམ་ལས་ཇེ་དྲག་ཏུ་བཏང་སྟེ། ལག་རྡང་སྦྲེལ་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། 

ལིས་ཁི་ཆང་གིས་མཇུག་མཐར་གསུང་དོན། དངོས་བསྒྲུབས་ཀྱིས་རླབས་ཆེན་བསྐྲུན་པ་དང་འབད་འཐབ་ཀྱིས་མ་འོངས་གསར་གཏོད་བྱེད་ཐུབ། ང་ཚོ་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཁག་ཁུར་འབད་འཐབ་བྱས་ཏེ། རང་རེའི་རྒྱལ་ཁབ་དེ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་བསྟན། 

སྣེ་ལེན་ཚོགས་འདུར་ཞུགས་མཁན་ལ་ད་རུང་པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མགོ་ཁྲིད་ལས་གནས་སུ་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྔོན་ཆད་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་ཁུར་མྱོང་བའི་བློ་མཐུན་བཅས་ཡོད། 

ཀྲུང་དབྱང་གི་ཏང་སྲིད་དམག་གསུམ་དང་མང་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་། དམངས་གཙོ་ཏང་ཁག་སོ་སོ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བ། བྱས་རྗེས་གཟེངས་རྟགས་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་ཀྱི་སྤུས་ལེགས་གཉིས་དང་སྔོན་ཐོན་གཅིག་གི་བྱ་དགའ་ཐོབ་མཁན་གྱི་འཐུས་མི། ཏུང་ཅིང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་ཚོགས་པའི་འཐུས་མི། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི། མི་རིགས་ས་ཁུལ་གྱི་གཏན་འཇགས་དང་འཕེལ་རྒྱས། མཐུན་སྒྲིལ་བཅས་ལ་བྱས་རྗེས་གལ་ཆེན་བཞག་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་མི་སྣ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་མི་སྣ། ཐེ་ཝན་སྤུན་ཟླ། ཕྱི་སྡོད་རང་མི་བཅས་ཀྱི་འཐུས་མི། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ། རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་ཀྲུང་གོར་སྡོད་པའི་འཐུས་མི། ཕྱི་རྒྱལ་གྱི་ཆེད་མཁས་པ་སྐོར་ཞིག་བཅས་སྣེ་ལེན་ཚོགས་འདུར་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་སྣེ་ལེན་ཚོགས་འདུར་མགོ་འཛིན་མཛད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།