རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དམངས་ཡོངས་སྨན་བཅོས་འགན་སྲུང་འཆར་འགོད》འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དམངས་ཡོངས་སྨན་བཅོས་འགན་སྲུང་འཆར་འགོད》ཅེས་པ(གཤམ་དུ《འཆར་འགོད》ཅེས་བསྡུས་ཡོད)འགྲེམ་སྤེལ་བྱས།

《འཆར་འགོད》ཁྲོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བ། ཐེངས་ལྔ་བ་བཅས་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་པ་བརྒྱུད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྨན་བཅོས་འགན་སྲུང་བྱ་བའི་འཐབ་ཇུས་བཀོད་སྒྲིག་ལྟར། འཕེལ་རྒྱས་གསར་བའི་དུས་རིམ་ལ་གཞི་ཚུགས་ཏེ། འཕེལ་རྒྱས་གསར་བའི་འདུ་ཤེས་ལ་ཡང་དག་པ་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། འཕེལ་རྒྱས་གསར་བའི་གནས་སྟངས་འཛུགས་སྐྲུན་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། བདེ་ཐང་ཀྲུང་གོའི་འཇབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོའི་ཁྱད་ལྡན་སྨན་བཅོས་འགན་སྲུང་ལམ་ལུགས་སྔར་ལས་འཐུས་ཚང་དང་གཏན་འཁེལ་ཡང་དག་བྱེད་པ་གཙོ་ཐིག་དུ་བཟུང་ནས། ལམ་ལུགས་གསར་གཏོད་ཀྱི་སྒུལ་ཤུགས་ལ་བརྟེན་ནས། སྨན་བཅོས་འགན་སྲུང་ཐེབས་རྩའི་འཐབ་ཇུས་རང་བཞིན་གྱི་ཉོ་སྒྲུབ་ནུས་བ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད། དམངས་ཡོངས་ལ་ཁྱབ་པ་དང་མཁར་གྲོང་གཅིག་གྱུར། འདྲ་མཉམ་གཅིག་གྱུར། རྒྱུན་མཐུད་ཡིན་པའི་རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། མི་དམངས་མང་ཚོགས་ལ་ཟུར་ཚད་མང་པོ་དང་འཁོར་ཡུན་ཡོངས་ཀྱི་སྨན་བཅོས་འགན་སྲུང་འདོན་སྤྲོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་པར་བསྟན།

《འཆར་འགོད》དེ་ཕྱོགས་གསུམ་ནས་ལག་བསྟར་བྱ་རྒྱུ་སྟེ། གཅིག་ནས་ལག་བསྟར་ལམ་ལུགས་འཐུས་ཚང་དུ་བཏང་ནས། ལས་འགན་གཙོ་བོ་དབྱེ་ཕྲལ་ལེགས་པོ་བྱ་རྒྱུ་དང་། ལག་བསྟར་ཕན་འབྲས་ཇེ་མཐོར་གཏོང་དགོས། གཉིས་ནས་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་སྨན་བཅོས་འགན་སྲུང་དཔུང་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གསུམ་ནས་ཁོར་ཡུག་ཡག་པོ་བསྐྲུན་ཏེ། ཕྱོགས་སོ་སོའི་ཐུན་མོང་ངོས་འཛིན་ཇེ་དྲག་ཏུ་བཏང་ནས། སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱེད་པར་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།