ཀྲུང་གོ་བོད་ཀྱི་དྲ་བ།

སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོར་མི་དམངས་དཔའ་བོ་རྣམས་ལ་མེ་ཏོག་འབུལ་བའི་མཛད་སྒོ་ཟླ9བའི་ཚེས30ཉིན་གྱི་སྔ་དྲོ་འཚོགས་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན་ལ། ཟླ9བའི་ཚེས30ཉིན་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་སྔོན་གཤེགས་དཔའ་བོ་རྣམས་ལ་དྲན་གསོ་ཞུ་བའི་ཉིན་མོ་ཡིན་པས་ཉིན་དེའི་སྔ་དྲོར་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་དམངས་ཀྱི་དཔའ་བོ་རྣམས་ལ་མེ་ཏོག་འབུལ་རྒྱུ་རེད།

དེ་དུས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།