ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《ཀྲུང་གོའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས28ཉིན《ཀྲུང་གོའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས།

1.jpg

ཟླ9པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས《ཀྲུང་གོའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས།

རྒྱབ་ཤ་དཀར་པོའི་དེབ་ལས་བསྟན་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བཙུགས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་གི་གོ་རིམ་ཞིག་ཡིན། ལོ100ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་སྣེ་ཁྲིད་དེ་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཤིང་། མི་རབས་ནས་མི་རབས་བར་བློ་བརྟན་འགྱུར་མེད་ཀྱིས་མུ་མཐུད་དུ་དཀའ་སྤྱད་ཧུར་ཐག་བྱས་ནས། “འབྱོར་འབྲིང་གཞིས་ཁྱིམ”ནས“འབྱོར་འབྲིང་སྤྱི་ཚོགས”བར་དང་། “སྤྱི་ཁོག་འབྱོར་འབྲིང”ནས“ཕྱོགས་ཡོངས་འབྱོར་འབྲིང”། “ཕྱོགས་ཡོངས་བསྐྲུན་པ”ནས“ཕྱོགས་ཡོངས་བཙུགས་པའི”འབྱོར་འབྲིང་གི་དམིགས་འབེན་མུ་མཐུད་དུ་མངོན་འགྱུར་བྱས་པས། འབྱོར་འབྲིང་གི་ཕུགས་འདུན་དེ་དོན་དངོས་སུ་བསྒྱུར་ཡོད།

རྒྱབ་ཤ་དཀར་པོའི་དེབ་ལས། ཕྱོགས་ཡོངས་འབྱོར་འབྲིང་གི་གཙོ་གནད་ནི་ཕྱོགས་ཡོངས་ཡིན། ཀྲུང་གོའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དེ་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་སྟེང་མངོན་ཡོད་ལ། དངོས་པོའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་འབྱོར་འབྲིང་ཡིན་ཞིང་། མུ་མཐུད་དུ་མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་སྣ་མང་ཅན་དང་གོ་རིམ་ཅན། ཕྱོགས་མང་ཅན་གྱི་དགོས་མཁོ་བསྐངས་ཏེ། མུ་མཐུད་དུ་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྱོར་འབྲིང་ཡིན་པ་དང་། རྒྱལ་ཁབ་སྟོབས་འབྱོར་ཆེ་ཞིང་མི་རིགས་དར་སྤེལ་ཆེ་བ། མི་དམངས་བདེ་སྐྱིད་ལྡན་པའི་ཁེབས་ཚད་ཆེ་ལ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ཡིན་ཞེས་མཚམས་སྦྱོར་བྱས་ཡོད།

རྒྱབ་ཤ་དཀར་པོའི་དེབ་ལས་བསྟན་དོན། ཀྲུང་གོའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ནི་མི་དམངས་ཡོངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཐུན་མོང་སྒོས་ལོངས་སྤྱོད་པའི་འབྱོར་འབྲིང་ཡིན། མི་གཅིག་ཀྱང་ལུས་སུ་འཇུག་མི་རུང་ལ། ས་ཁོངས་གཅིག་ཀྱང་ལུས་སུ་འཇུག་མི་རུང་། མི་རིགས་གཅིག་ཀྱང་ལུས་སུ་མི་འཇུག་པས། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་དམངས་ཡོངས་ཀྱི་འཕེལ་རྒྱས་ཕན་ཚུན་གཅིག་གྱུར་གྱི་སྟེང་ནས་མངོན་པར་མཚོན་ཡོད་ལ། ཐུན་མོང་ཕྱུག་འགྱུར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་མཚོན་པར་བྱས་ཡོད།

རྒྱབ་ཤ་དཀར་པོའི་དེབ་ལས་ད་རུང་བསྟན་དོན། ཀྲུང་གོའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ནི་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་དཀའ་སྤྱད་དང་བློ་གྲོས་ལ་བརྟེན་ནས། འབད་པ་མཐའ་སྐྱེལ་གྱིས་བསྐྲུན་པ་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་སྐབས། ཀྲུང་གོ་ནི་ཧ་ཅང་དབུལ་ཕོངས་དང་ཉམ་ཐག་ཅིག་ཡིན་ལ། གང་སར་ཉམས་ཆག་ཆེན་པོ་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ལག་སྟོང་ཁྱིམ་འཛུགས་དང་རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན་གྱིས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་བསྐྲུན་ནས། ལོ་ངོ་སྟོང་ཕྲག་རིང་ཉིན་མཚན་དབྱེར་མེད་དུ་འདོད་པའི་འབྱོར་འབྲིང་མངོན་འགྱུར་བྱས།

རྒྱབ་ཤ་དཀར་པོའི་དེབ་ལས་ནན་གྱིས་བསྟན་དོན། ཀྲུང་གོས་ནམ་ཡིན་ཡང་རང་སྟེང་གི་འཕེལ་རྒྱས་དེ་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁྲོད་འཇོག་པ་དང་། ནམ་ཡིན་ཡང་ཀྲུང་གོ་མི་དམངས་ཀྱི་ཁེ་ཕན་དེ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་ལ་ཟུང་སྦྲེལ་དང་། ནམ་ཡིན་ཡང་འཛམ་གླིང་གི་ཞི་བདེ་འཛུགས་སྐྲུན་མཁན་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་མཁན། སྤྱི་བའི་ཐོན་རྫས་འདོན་སྤྲོད་བྱེད་མཁན་བཅས་བྱེད་བཞིན་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བཙུགས་པ་དེས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་ཀྱི་བྱས་རྗེས་ཕུལ་ཡོད། །

1.jpg

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།