ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་དྲུག་གིས་མཉམ་འབྲེལ་སྒོས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས།

    སྤེལ་དུས། : 2021-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་སྲིད་གྲོས་གཞུང་ལས་ཐིང་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་གཞུང་ལས་ཐིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་གཞུང་ལས་ཐིང་། ཀྲུང་གོའི་ཕྱི་སྡོད་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་མཉམ་དུ་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས། ཝང་དབྱང་གིས་གཏམ་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས28ཉིན། རྒྱལ་ཡོངས་སྲིད་གྲོས་གཞུང་ལས་ཐིང་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་གཞུང་ལས་ཐིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་གཞུང་ལས་ཐིང་། ཀྲུང་གོའི་ཕྱི་སྡོད་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་མཉམ་དུ་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར72ལོན་པར་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་། 

ཟླ9པའི་ཚེས28ཉིན། རྒྱལ་ཡོངས་སྲིད་གྲོས་གཞུང་ལས་ཐིང་དང་། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་གཞུང་ལས་ཐིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་གཞུང་ལས་ཐིང་། ཀྲུང་གོའི་ཕྱི་སྡོད་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་མཉམ་དུ་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར72ལོན་པར་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་།   

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཞང་ཀང་དང་ཨའོ་མོན་གྱི་འཕེལ་རྒྱས་དང་། ཞང་ཀང་དང་ཨའོ་མོན་གྱི་སྤུན་ཟླའི་བདེ་སྐྱིད་ལ་ཐུགས་ཁུར་གནང་གིན་ཡོད། ང་ཚོས་མུ་མཐུད་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་གནད་ལ་འཁེལ་བ། འགྱུར་བ་མེད་པའི་སྒོ་ནས་ལག་བསྟར་བྱས་ཏེ། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང“རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བ་དང་། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། དམངས་འཚོ་ཇེ་ལེགས་སུ་གཏོང་བ་བཅས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན། རླབས་ཆེན་མེས་རྒྱལ་གྱི་རྒྱབ་རྟེན་སྟོབས་ལྡན་ཡོད་ན། ཞང་ཀང་དང་ཨའོ་མོན་གྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་ངེས། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ནས་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐའེ་ཝན་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ། མཐའ་གཅིག་ཏུ“ཐའེ་ཝན་རང་བཙན”གྱི་ལྐོག་གཡོ་མཐའ་དག་རྩ་མེད་དུ་བཏང་ནས་ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་དགོས། མིག་སྔར་ཐའེ་ཝན་མཚོ་འགག་གི་གནས་བབ་སྔར་བཞིན་ཛ་དྲག་ཡིན་མོད། འོན་ཀྱང་དུས་བབ་དང་གནས་བབ་ཐོག་མཐའ་ཀུན་ཏུ་རྒྱལ་ཁབ་གཅིག་གྱུར་གྱི་སྟོབས་ཤུགས་ཀྱི་ཕྱོགས་སུ་ཡོད། ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གྱི་སྐམ་ས་ཆེན་མོའི་ལག་ཏུ་ཡོད།  

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི། ཁོང་ཚོའི་ནང་མི་ནི་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། བློ་གཅིག་སེམས་གཅིག་ངང་ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བའི་ལས་དོན་ཁག་ཡག་པོར་བསྒྲུབས་ནས། རྒྱ་ཆེའི་ཕྱིར་སྡོད་རང་མིས་མེས་རྒྱལ་ཁྱོན་ཡོངས་ནས་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་གཏམ་རྒྱུད་ཡག་པོར་བརྗོད་པ། ཀྲུང་གོའི་སྐད་སྒྲ་ཡག་པོ་བསྒྲགས་པ། ཀྲུང་གོའི་ཕུགས་འདུན་མཉམ་དུ་ལོངས་སྤྱོད་བྱེད་པ་བཅས་བྱེད་དགོས། 

སྣེ་ལེན་ཚོགས་འདུ་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ་ཡིས་མགོ་འཛིན་གནང་། པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་བློ་མཐུན་སྐོར་ཞིག་དང་། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་ཕྱིར་སྡོད་རང་མིའི་ལས་རིགས་སོ་སོའི་འཐུས་མི800ལྷག་སྣེ་ལེན་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།