ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་བརྒྱ་དང་གཉིས་པར་མགོ་འཛིན་མཛད།

ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་བརྒྱ་དང་གཉིས་པར་མགོ་འཛིན་མཛད་ཅིང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པ་ཟླ10པའི་ཚེས19ཉིན་ནས་ཚེས23ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཐག་བཅད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་བརྒྱ་དང་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས། ལི་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་མཛད། ཚོགས་འདུས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པ་ཟླ10པའི་ཚེས19ཉིན་ནས་ཚེས23ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཐག་བཅད།   

ཟླ9པའི་ཚེས28ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་བརྒྱ་དང་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས། ལི་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་མཛད།  

ཨུ་ཡོན་ཀྲང་ཚོགས་འདུས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པས་ཁྱིམ་ཚང་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས་ཀྱི་འཆར་ཟིན་དང་། སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས་ཀྱི་འཆར་ཟིན། རྩིས་བཤེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། བརླན་ས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་འཆར་ཟིན། དུས་བཅད་ཚོང་ཟོག་བཅའ་ཁྲིམས་ཀྱི་འཆར་ཟིན་བཅས་ལ་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཚོགས་འདུའི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་ཕུལ་བའི་སྐོར་གྱི་གྲོས་གཞི་དང་། ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་ཕུལ་བའི་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱ་རྒྱུ། རྒྱལ་ཡོངས་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཕྱུགས་ལས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་ཕུལ་བའི་སྐོར་གྱི་གྲོས་གཞི་དང་། རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ལུས་རྩལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་ཕུལ་བའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒེར་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་ཕུལ་བའི་སྐོར་གྱི་གྲོས་གཞི་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་ཕུལ་བའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གི་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་ཕུལ་བའི་སྐོར་གྱི་གྲོས་གཞིར་གྲོབ་ཞིབ་བྱ་རྒྱུར་བསམ་འཆར་བཏོན། 

ཨུ་ཡོན་ཀྲང་ཚོགས་འདུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོང་གཉེར་ཁོར་ཡུག་གསར་གཏོད་ཚོད་ལྟའི་གྲོང་ཁྱེར་དུ་གནས་སྐབས་ཚད་ལེན་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་སྤྱོད་པའི་དབང་ཆ་སྤྲོད་པའི་ཐག་གཅོད་ཀྱི་འཆར་ཟིན་ལ་གྲོབ་ཞིབ་བྱེད་པར་ཕུལ་བའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུའི་རྒྱལ་སྲུང་སྐུལ་སློང་ལམ་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དུས་གནས་སྐབས་སུ་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་སྤྱོད་པའི་ཐག་གཅོད་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་ཕུལ་བའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་ཆིངས་ཡིག》ལ་ཆོག་མཆན་འགོད་པར་གྲོས་ཞིབ་བྱེད་པར་ཕུལ་བའི་སྐོར་གྱི་གྲོས་གཞི་དང་། 《ལོང་པ་དང་མིག་དབང་ལ་སྐྱོན་ཡོད་པའམ་པར་འགྲེམས་ཡིག་རིགས་ཀློག་པར་གེགས་ཆ་ཡོད་པ་གཞན་དག་ལ་པར་ཟིན་པའི་བརྩམས་ཆོས་མཁོ་འདོན་བྱེད་པར་སྟབས་བདེ་སྐྲུན་པའི་སྐོར་གྱི་མ་ལ་ཁ་ཧྲི་ཆིངས་ཡིག》ལ་ཆོག་མཆན་འགོད་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྐོར་གྱི་གྲོས་གཞི་གྲོས་ཞིབ་བྱ་རྒྱུའི་བསམ་འཆར་བཏོན། 

ཨུ་ཡོན་ཀྲང་ཚོགས་འདུས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2020ལོའི་རྒྱལ་དབང་མ་རྩའི་དོ་དམ་གྱི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ་དང་། 2020ལོའི་རྒྱལ་དབང་རང་བྱུང་ཐོན་ཁུངས་མ་རྩའི་དོ་དམ་གྱི་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ། དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་དང་དགེ་རྒན་བཅའ་ཁྲིམས་ཀྱི་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱ་རྒྱུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མི་དམངས་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་ཐག་གཅོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། ཆེས་མཐོའི་མི་དམངས་ཞིབ་དཔྱད་ཁང་གི་མི་དམངས་ཞིབ་དཔྱད་ཁང་གི་ཞུ་གཏུག་དག་ཞུའི་གྱོད་དོན་ཐག་གཅོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་སྲ་གཟུགས་བེད་མེད་རྫས་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་རྟོག་ཞིབ་ཚན་ཆུང་གི་སོན་སྤུས་ཐོན་ཁུངས་སྲུང་སྐྱོབ་དང་སོན་གསོའི་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པའི་སྐོར་གྱི་རྟོག་ཞིབ་སྙན་ཞུ་ལ་གྲོས་ཞིབ་བྱ་རྒྱུ། རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོར་བཏོན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུར་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱེད་པར་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞིའི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། འབྲེལ་ཡོད་སྐོང་འཐེན་གྱོད་གཞིར་གྲོས་ཞིབ་བྱ་རྒྱུ་སོགས་ཀྱི་བསམ་འཆར་བཏོན། 

ཨུ་ཡོན་ཀྲང་གི་ཚོགས་འདུའི་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཅིག་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་བཀོད་སྒྲིག་གི་སྙན་ཞུ་ཕུལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཅིག་པའི་གྲོས་གཞིར་གཞིགས་ནས་སྙན་ཞུ་ཕུལ། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་དང་ཚའོ་ཅན་མིང་། ཧྲིན་ཡུའེ་ཡུའེ། ཅི་པིན་ཞའན། ཨེ་ལི་གིན་ཡི་མིང་པ་ཧེ། ཝན་ཨུ་ཞང་། ཁྲིན་ལན། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧི་མིང་ཅིན། ཚའེ་ཏ་ཧྥིང་། ཝུའུ་ཝེ་ཧྭ་བཅས་ཚོགས་འདུར་ཞུགས། །  

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།