ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་ཐེངས་དུང་ཕྱུར22ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས27ཉིན་བརྡ་ཁྱབ་སྤེལ་བར་གཞིགས་ན། རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་ཐེངས་དུང་ཕྱུར22ལས་བརྒལ་ཡོད། རིམས་ནད་ཀྱི་གཡུལ་འཐབ་ལ་ད་རུང་རྒྱལ་ཁ་བླངས་མེད་པས། རིམས་འགོག་ཚོད་འཛིན་ལས་དོན་ལ་ནམ་ཡང་ལྷོད་གཡེང་བྱེད་མི་རུང་ལ། མུ་མཐུད་དུ་རིམས་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས། གུང་གསེང་སླེབས་ལ་ཉེ་བས་ཆེད་མཁས་པས་མུ་མཐུད་དུ་མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས་ཤིང་། ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ། འདུ་ཚོགས་མི་བྱེད་པ་སོགས་ཀྱི་འཕྲོད་བསྟེན་གོམས་སྲོལ་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་པའི་གསལ་འདེབས་གནང་། །

1.jpg

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།