ཀྲུང་གོ་བོད་ཀྱི་དྲ་བ།

“2021ལོའི་ཀྲུང་གོའི(ཆུས་ཧྥུ)རྒྱལ་སྤྱིའི་ཁུང་ཙེ་རིག་གནས་དུས་ཆེན་སྐབས་བདུན་པའི་ཉི་ཧྲན་འཛམ་གླིང་ཤེས་རིག་གླེང་སྟེགས”འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9པའི་ཚེས27ཉིན།  “2021ལོའི་ཀྲུང་གོའི(ཆུས་ཧྥུ)རྒྱལ་སྤྱིའི་ཁུང་ཙེ་རིག་གནས་དུས་ཆེན་སྐབས་བདུན་པའི་ཉི་ཧྲན་འཛམ་གླིང་ཤེས་རིག་གླེང་སྟེགས”ཁུང་ཙེའི་འཁྲུངས་ཡུལ་ཆུས་ཧྥུ་ཉི་ཧྲན་ནས་འཚོགས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧའོ་མིང་ཅིན་གྱིས་ཤིས་ཚིག་ཕུལ་བ་མ་ཟད་གླེང་སྟེགས་ཀྱི་མགོ་ཚུགས་པ་ཁྱབ་བསྒྲགས་བྱས།

ཧའོ་མིང་ཅིང་གིས་བསྟན་དོན། རུའུ་ལུགས་བསམ་བློ་མཚོན་བྱེད་དུ་བྱས་པའི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དང་འབྲེལ་བ་དམ་ཟབ་ཡོད་པ་དང་ཕན་ཚུན་སྤེལ་ཟླ་བྱེད་རེས་སུ་གྱུར་ཡོད། དེ་ནི་ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་ཤེས་རིག་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཡིན་པས།  ཤེས་རིག་མི་འདྲ་བའི་བར་ཕན་ཚུན་འབྲེལ་བ་དང་མཉམ་འདྲེས་ཐུབ་པར་བསམ་པའི་འབྱུང་རྩ་མཁོ་འདོན་བྱས་ཡོད།  དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་གནས་ཚུལ་མཉམ་དུ་གནས་ཡོད་པས། ཐུན་མོང་འགྲན་སློང་གི་མདུན་དུ་རྒྱལ་ཁབ་གང་ཞིག་ཡིན་རུང་ཁེར་རྐྱང་དུ་གནས་ཐབས་བྲལ་བ་དང་། མི་རིགས་གང་ཞིག་ཡིན་རུང་རང་ཚུགས་ངང་འདེགས་སྐྱོར་བྱེད་དཀའ་བས། ཕྱར་བ་གྲུ་འདེགས་དང་འཆམ་མཐུན་མཉམ་གནས། ཤེས་རིག་སྤེལ་རེས་བཅས་ལ་བརྟེན་ན། ད་གཟོད་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་བགྲོད་ལམ་ཆེན་པོ་གསར་སྐྲུན་བྱེད་ཐུབ།

ཐེངས་འདིའི་བྱེད་སྒོ་དེ་ཚེས28ཉིན་བར་སྤེལ་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་རིག་གནས་པ180བྱེད་སྒོར་ཞུགས་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།