ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས“ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེད་ནུས”བརྙན་ལམ་ཚོགས་འདུའི་སྟེང་གཏམ་བཤད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཟླ9པའི་ཚེས27ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་དཔོན་གཅིག་ལྕོགས་ཡིན་པའི་ཝང་དབྱི་ཡིས“ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེད་ནུས”བརྙན་ལམ་ཚོགས་འདུའི་སྟེང་གཏམ་བཤད་གནང་།   

ཝང་དབྱི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་སྡོད་ས་སླར་གསོ་བྱས་ནས་ལོ་འཁོར50ལོན་པའི་ལོ་ཡིན། ལོ་འཁོར50ཡི་རིང་ལ། ཀྲུང་གོས་དངོས་ཡོད་ལག་ལེན་གྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ཀྱི་དགོངས་དོན་དང་རྩ་དོན་ལག་བསྟར་བྱས་ཤིང་། རྒྱ་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚུལ་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་ཞི་བདེའི་འཛུགས་སྐྲུན་མཁན་གལ་ཆེན་དང་། གོ་ལ་ཧྲིལ་བོའི་བྱས་རྗེས་འཇོག་མཁན་ཆེ་ཤོས། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་མཁན་བརྟན་པོ་དང་། སྤྱི་པའི་ཐོན་རྫས་ཀྱི་མཁོ་འདོན་མཁན་བཅས་སུ་གྱུར་ཡོད།  

ཝང་དབྱི་ཡིས་ནན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་གྲོས་གཞི་བཏོན་ཞིང་། རྒྱལ་ཁབ་སོ་སོའི་དམིགས་ཚུགས་འཕེལ་རྒྱས་དང་མཐུན་སྒྲིལ་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་ལ་འགུལ་སྐྱོད་ཀྱི་ཕྱོགས་བསྟན་ཞིང་། བསམ་བློའི་སྒུལ་ཤུགས་བསྣན། ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་སྣེ་ཁྲིད་རྒྱུན་འཁྱོངས་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོངས་བྱས་ནས། སྔར་བས་སྟོབས་ལྡན་དང་ལྗང་མདོག བདེ་ཐང་གི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས། གླེང་མོལ་གྱིས་འགལ་བ་སེལ་བ་དང་ གྲོས་མོལ་གྱིས་རྩོལ་གཞི་སངས་ནས། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བ་གསར་བ་འཛུགས་པར་སྐུལ་འདེད་གཏོང་དགོས། ཕྱོགས་མང་རིང་ལུགས་ལག་བསྟར་རྒྱུན་འཁྱོངས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་རྩ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་སྤེལ་དང་། གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་དངོས་ཡོད་འགུལ་སྐྱོད་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཤེས་ཡོན་ལྡན་པའི་མི་སྔར་བས་མང་པོས་བློ་གྲོས་དང་སྟོབས་ཤུགས་ལ་རེ་སྒུག་བྱས་ཡོད། 

བརྙན་ལམ་ཚོགས་འདུ་དེ་ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས་དང་ཨ་སེ་པེ་ཅང་ཉི་ཀྲ་མིའི་རྒྱལ་སྤྱིའི་ལྟེ་གནས་ཀྱིས་མཉམ་དུ་བསྡུས་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།