ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཏི་མོ་མན་སི་དང་མཉམ་དུ་ཀྲུང་གོ་དང་ཡོ་རབ་གླིང་གི་ཁོར་ཡུག་དང་གནམ་གཤིས་ཀྱི་མཐོ་རིམ་གླེང་མོལ་ཐེངས་གཉིས་པ་མཛད།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་བརྙན་ལམ་ནས་ཡོ་རབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཏི་མོ་མན་སི་དང་ཀྲུང་གོ་དང་ཡོ་རོབ་གླིང་ཁོར་ཡུག་དང་གནམ་གཤིས་ཀྱི་མཐོ་རིམ་གླེང་མོལ་ཐེངས་གཉིས་པ་མཛད།  

ཟླ9པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་བརྙན་ལམ་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཏི་མོ་མན་སི་དང་ཀྲུང་གོ་དང་ཡོ་རབ་གླིང་ཁོར་ཡུག་དང་གནམ་གཤིས་ཀྱི་མཐོ་རིམ་གླེང་མོལ་ཐེངས་གཉིས་པ་མཛད།    

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་བཅུ་དྲུག་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་སྐབས། ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་རྒྱུ་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་ནས། རྒྱལ་ཁོངས་ཕྱིའི་རྡོ་སོལ་གློག་འདྲེན་གྱི་རྣམ་གྲངས་གསར་པ་བསྐྲུན་རྒྱུ་མིན་པར་ཁྱབ་བསྒྲགས་གནང་། གསལ་བསྒྲགས་གལ་ཆེན་དེས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྒྲིག་གནད་དོན་ཐད་ལ་ཀྲུང་གོའི་འགན་འཁུར་བའི་རྣམ་འགྱུར་སླར་ཡང་མཚོན་ཡོད། ཀྲུང་གོས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་ནས་དུས་བཀག་ལྟར་ཐཱན་སྙོམ་སྒྲིག་དང་ཐཱན་རྩེར་སོན་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱེད་ཀྱིན་ཡོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་གནད་དོན་ཐད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཁ་བཤད་དོན་ལ་གནས་པ་དང་། གང་བྱས་མཐའ་འཁྱོལ་བྱས་ཏེ་ཐཱན་རྩེར་སོན་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ཆོད་སེམས་ཡོད།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་ཀྱིས་མཐོ་རིམ་གླེང་མོལ་གྱི་སྟེགས་བུ་གང་ལེགས་སྒོས་སྤྱད་དེ། གོམ་གང་མདུན་སྤོས་སྒོས་ཕྱོགས་གཉིས་པོའི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ལྗང་མདོག་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་འབུལ་དགོས། ལམ་སྲོལ་གྱིས་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་ལ་དམིགས་ཏེ། གཡུར་ཟའི་གྲུབ་འབྲས་སྔར་བས་མང་བ་ཐོབ་པར་བརྩོན་ལེན་བྱེད་དགོས། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས《ཧྥ་རན་སེའི་གྲོས་ཆོད》དོན་འཁྱོལ་བྱེད་རོགས་བྱས་ཏེ། གོ་ལ་ཧྲིལ་པོའི་གནམ་གཤིས་མཉམ་ལས་ལ་ཡིད་ཆེས་སྣོན་དགོས། ཀྲུང་གོས་ཕྱོགས་སོ་སོའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། འགལ་བ་སེལ་བ་དང་ཐུན་མོང་གི་ངོས་འཛིན་ལ་སྐུལ་འདེད་བཏང་སྟེ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་ཆིངས་ཡིག་འཇོག་མཁན་ཕྱོགས་སོ་སོ་དང་མཉམ་དུ་ཐུན་མོང་ཐོག་འབད་བརྩོན་བྱས་ནས། ཚོགས་ཆེན་ལེགས་འགྲུབ་འབྱུང་བར་སྐུལ་འདེད་གཏོང་བའི་རེ་སྒུག་ཡོད། 

ཏི་མོ་མན་སི་ཡིས་བསྟན་དོན། ཡོ་རོབ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་འབད་བརྩོན་ཆེན་པོ་བྱེད་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོ་དང་མཉམ་དུ་ཁོར་ཡུག་དང་གནམ་གཤིས་ཁྱབ་ཁོངས་ཐད་ཀྱི་གླེང་མོལ་དང་མཐུན་སྦྱོར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས། ཀོ་ལ་སི་ཀེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ལ་མཉམ་དུ་ལེགས་སྐྱེས་ཕུལ་ཞིང་། ཀྲུང་གོས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ཡག་པོ་འཚོག་པར་རྒྱབ་སྐྱོར་བྱེད་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།