ཝང་དབྱང་གིས་ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་ཞིབ་ཚོགས་འདུའི་ཀྲུའུ་ཞི་པན་པང་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་བརྒྱུད་དེ་ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་ཞིབ་ཚོགས་འདུའི་ཀྲུའུ་ཞི་པན་པང་ལ་མཇལ་འཕྲད་གནང་། 

 ཟླ9པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་བརྒྱུད་དེ་ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་ཞིབ་ཚོགས་འདུའི་ཀྲུའུ་ཞི་པན་པང་ལ་མཇལ་འཕྲད་གནང་།  

ཝང་དབྱང་གིས་བཤད་རྒྱུར། ན་ནིང་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཙོ་ཁི་གཉིས་ཀྱིས་གཏམ་གླེང་ཐེངས་བཞིར་བྱས་ནས། དུས་རབས་གསར་བའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རིམ་འཆར་འགོད་བྱས་ཡོད། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ། རྒྱལ་ཁབ་གཉིས་པོའི་གྲོས་འཆམ་བྱུང་བའི་ངོས་འཛིན་གལ་ཆེན་ལྟར། རྒྱུན་མི་ཆད་པར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མུ་མཐུད་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུད་འདེད་དང་། རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་། འཕེལ་རྒྱས་བཅས་ལ་སྔར་ལས་ཆེ་བའི་བྱས་རྗེས་འཇོག་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་ཞིབ་ཚོགས་འདུ་དང་མཉམ་དུ་རིམ་པ་སོ་སོའི་འབྲེལ་གཏུག་བརྗེ་རེས་ཀྱི་རྒྱུན་བསྐྱང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རིམ་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། 

པན་པང་གིས་བཤད་རྒྱུར། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡའི་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ། ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་ཞིབ་ཚོགས་འདུས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་མཉམ་དུ་འགྲོ་འོང་མཉམ་ལས་བྱས་ནས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་སྔར་ལས་ལྷག་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། 

ལི་པིང་དང་སུའུ་ཧེ་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།