ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྐོར་ཐེངས་བརྒྱད་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་ཚོགས་བཀོད་སྒྲིག་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲའོ་ལི་ཅི་ཚེས་ཉེར་དྲུག་ཉིན་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྐོར་ཐེངས་བརྒྱད་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནངས། གྲོས་ཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་སྒོས་གཅིག་བསྡུས་ཀྱིས་དངུལ་ལོར་ལས་ཁུངས་གི་ཏང་རྩ་འཛུགས་ལ་སྐོར་ཞིབ་བྱེད་པར་བཀོད་སྒྲིག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་ལོར་བྱ་བ་དང་སྐོར་ཞིབ་བྱ་བའི་རྒྱས་འགྲེལ་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། དངུལ་ལོར་ལས་ཁུངས་ཀྱི་བྱ་བར་སྐོར་ཞིབ་བྱེད་པའི་ལས་འགན་དང་གཙོ་གནད་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། གཟབ་ནན་ཞིབ་ཚགས་ཀྱིས་སྐོར་ཞིབ་བྱ་བ་སྤེལ་བ་དང་། སྐོར་ཞིབ་ཀྱི་གཏན་གནས་གསར་རྙེད་བརྟན་སྲུང་དང་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བྱས་ནས། སྐོར་ཞིབ་གྱི་ནུས་པ་བཟང་བོ་འདོན་སྤེལ་གང་ལེགས་བྱས་ཐོག་དངུལ་ལོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱི་བསྟན། 

ཀྲའོ་ལི་ཅི་ཡིས་བསྟན་དོན། སྐོར་ཞིབ་ནི་ཆབ་སྲིད་ལྟ་རྟོག་ཡིན་པ་དང་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་གནད་ས་ཡིན། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབས་པ་བཅས་ལ་སྐུལ་འདེད་གཏོང་བ་དེ་གཞི་རྩའི་ལས་འགན་དུ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཏང་གི་དངུལ་ལོར་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་དངུལ་ལོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དངུལ་ལོར་རུལ་སུངས་ལ་ཆད་གཅོད་བཅོས་སྐྱོང་དང་དངུལ་ལོར་ཉེན་ཁར་སྔོན་འགོག་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་བཀོད་སྒྲིག་དང་རེ་བ་གལ་ཆེན་གནད་དུ་འཛིན་དགོས་པ་དང་། དངུལ་ལོར་ལས་ཁུངས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་གཙོ་བོར་བཞག་སྟེ། ནན་ཏན་གྱིས་ཏང་དང་རྒྱལ་ཁབ་ཀྱིས་བསྩལ་བའི་ལས་འགན་དང་འགན་འཁྲི་ལག་བསྟར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་དང་ཚོགས་པའི་དཔལ་འབྱོར་དངུལ་ལོར་གྱི་དགོས་མཁོ་བསྐོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། དངུལ་ལོར་ལས་རིགས་ཀྱི་ཁྱབ་ཁོངས་མི་འདྲ་བ་དང་ལས་ཁུངས་མི་འདྲ་བ། རིམ་པ་མི་འདྲ་བའི་ཁྱད་ཆོས་ལ་དམ་པོར་དམིགས་ཏེ་གནད་དོན་ངོ་མ་བཙལ་ཏེ། སྐོར་ཞིབ་ཀྱི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན། ཕན་ནུས་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས། ཏང་ཀྲུང་དབྱང་གི་དངུལ་ལོར་བྱ་བར་འབྲེལ་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དངོས་འབེབ་བྱེད་པའི་གནད་དོན་དང་། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་དང་ལྟ་རྟོག་འགན་འཁྲི། བློ་བརྟན་འགྱུར་མེད་ཀྱི་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་གནད་དོན། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཐིག་དངོས་འབེབ་བྱེད་པའི་ཐད་ཀྱི་གནད་དོན། སྐོར་ཞིབ་དང་རྩིས་བཤེར་ལེགས་བཅོས་སོགས་འཚོལ་ཞིབ་བྱེད་དགོས་ལ། རྩ་འཛུགས་མགོ་ཁྲིད་དང་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ་དང་སྐོར་ཞིབ་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་ཏེ། དུས་ལྟར་སྐོར་ཞིབ་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་གསུངས། 

དབྱང་ཞའོ་ཏུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཁྲིན་ཞེ་ཡིས་སྐབས་བཅུ་དགུ་བའི་ཀྲུང་དབྱང་གི་སྐོར་ཐེངས་བརྒྱད་པའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོར་དབང་ཆ་བསྩལ་ནས་ལས་འགན་ཁུར་བ་དང་ལས་འགན་བགོ་བཤའི་སྐོར་གྱི་ཆོད་དོན་ཁྱབ་བསྒྲགས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།