ཝང་དབྱང་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར40ལོན་པའི་རྗེས་དྲན་ཚོགས་ཆེན་ལ་ཞུགས།

1127905684_16326695790631n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་རྗེས་དྲན་ཚོགས་ཆེན་དང་ཐའེ་ཝན་སྤུན་ཟླའི་སྤྱི་ཚོགས་ཚོགས་པའི་གླེང་སྟེགས་སྐབས་ལྔ་བ་འགོ་རྩོམ་པའི་མཛད་སྒོ་ཚེས་ཉེར་དྲུག་ཉིན་པེ་ཅིང་དུ་བསྡུས།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་རྗེས་དྲན་ཚོགས་ཆེན་དང་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།

ཝང་དབྱང་གིས་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་མཛད་དེ་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ལ་རྟེན་འབྲེལ་ཞུས་པ་དང་།     དུས་ཡུན་རིང་བོར་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་དང་མེས་རྒྱལ་ཞི་བའི་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འབུར་ཐོན་བཞག་པའི་ལས་རིགས་སོ་སོའི་མི་སྣར་གུས་འདུད་ཞུས།

ཝང་དབྱང་གིས་བསྟན་དོན།   ལོ་ངོ་བཞི་བཅུའི་རིང་ལ།   རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས་ཐའེ་ཝན་བྱ་བའི་ཐད་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་།    ཐའེ་ཝན་སྤུན་ཟླའི་བར་གྱི་མཛའ་འབྲེལ་ཇེ་ཟབ་ཏུ་བཏང་ལ།     ཐའེ་ཝན་སྤུན་ཟླར་བརྩེ་བའི་ཞབས་འདེགས་ཞུས་པར་མ་ཟད།  ཐའེ་ཝན་སྤུན་ཟླ་དང་མཐུན་སྒྲིལ་དམ་ཟབ་བྱས་པ་དང་།   དེ་ནི་མཉམ་འབྲེལ་ནུས་ཤུགས་དང་གོང་བུར་འདྲིལ་ཤུགས།  ཡིད་འགུག་ནུས་ཤུགས་ཀྱིས་ཁེངས་པའི་ཐའེ་ཝན་སྤུན་ཟླའི་ཁྱིམ་གཞིས་ཡིན། བགྲོད་ལམ་གསར་པའི་སྟེང་།   རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་དགོས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐའེ་ཝན་བྱ་བའི་ཐད་ཀྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་ནས།     རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་ཡིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་མེས་རྒྱལ་གཅིག་གྱུར་ཐད་འབད་བརྩོན་བྱེད་པའི་རིག་སྟོབས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཟེར།

ཝང་དབྱང་གིས་བསྟན་དོན།   མིག་སྔར་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་གོ་སྐབས་དང་འགྲན་རྩོད་གཉིས་ཀ་གནས་ཡོད།    མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ལ་དམིགས་ནས་གཅིག་གྱུར་འཚོལ་ཞིབ་དང་གཅིག་གྱུར་ལ་རྒྱབ་སྐྱོར།   གཅིག་གྱུར་ལ་སྲུབ་སྐྱོབ་བྱེད་པའི་མི་རིགས་ཀྱི་བདེན་དོན་བརྟན་སྲུང་བྱེད་དགོས་པ་དང་།   རྣམ་པ་གང་རུང་གི་ཐའེ་ཝན་རང་བཙན་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་ཀྲུང་གོ་བའི་བློ་སྟོབས་དང་ལ་རྒྱ་ཇེ་དྲག་ཏུ་གཏོང་དགོས།  མེས་རྒྱལ་ངེས་པར་གཅིག་གྱུར་བྱེད་དགོས་པའི་ལོ་རྒྱུས་གནས་བབ་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་།    ཐའེ་ཝན་གནད་དོན་ཐག་གཅོད་པའི་རང་འགུལ་དབང་ཆ་དང་གཙོ་ཁྲིད་དབང་ཆ་དེ་ནམ་ཡང་མེས་རྒྱལ་ལ་དབང་བའི་དོན་དངོས་ལ་ངོས་འཛིན་ཟབ་མོ་བྱེད་པ།    མེས་རྒྱལ་ཁྱོན་ཡོངས་གཅིག་གྱུར་མངོན་འགྱུར་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས།      མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་དྲང་ནུས་ཆེན་པོ་རྒྱ་ཆེར་གཅིག་བསྡུས་བྱེད་དགོས།   མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་དང་མཉམ་བསྲེས་འཕེལ་རྒྱས་ལ་མུ་མཐུད་དུ་ཤུགས་འདོན་དགོས་པ་དང་།     ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཁྲོད་ཧུར་ཐག་གིས་ཞུགས་པ་དང་དེར་སྐུལ་འདེད་བཏང་སྟེ་སྤུན་ཟླའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་ཕན་ཚུན་མཐུན་པོ་ཡོང་བའི་ཐད་ཇུས་འབུལ་ཤུགས་འདོན་བྱེད་དགོས་ཟེར།

རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོང་ཀྲི་ཞན་གྱིས་འགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།    ཀྲུང་གོའི་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝན་ལིས་ཅུན་གྱིས་མི་དམངས་ཚོགས་པའི་ཚབ་བྱས་ཏེ་ཤིས་ཚིག་ཕུལ།    ཐའེ་ཝན་ངལ་རྩོལ་ཏང་གི་ཀྲུའུ་ཞི་ཝུའུ་རོང་ཡོན་དང་ཐའེ་ཝན་སྤུན་ཟླའི་ན་གཞོན་འཐུས་ཚབ་པ་ཝང་ཀྲིན་སོགས་ཀྱིས་གཏམ་བཤད།

འགོ་རྩོའི་མཛད་སྒོའི་སྔོན་ལ།   ཝང་དབྱང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་ཚོགས་ཞུགས་མི་སྣས་མཉམ་དུ་པར་བླངས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།