ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁ་ཤས་མེད་པར་བཏང་བའི་སྐོར་གྱི་ཆོད་དོན་དེ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁ་ཤས་མེད་པར་བཏང་བའི་སྐོར་གྱི་ཆོད་དོན་དེ་ཁྱབ་སྒྲོག་བྱས་པའི་ཉིན་མོ་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཆོད་དོན་ལས་བསྟན་དོན། རང་རྒྱལ་གྱི་མི་གྲངས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་གསར་བ་དང་མཐུན་པར་བྱེད་པ་དང་། བུ་སྐྱེ་སྲིད་ཇུས་ལེགས་སྒྱུར་བྱས་ནས་མི་གྲངས་ཡུན་རིང་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་བའི་སྟེང་གྲོས་འཆམ་བྱུང་བའི་མི་གྲངས་དང་འཆར་ལྡན་བུ་སྐྱེ་བཅའ་ཁྲིམས་ལ་བཟོ་བཅོས་བྱས་པའི་སྐོར་གྱི་ཆོད་དོན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཆར་ལྡན་བུ་སྐྱེ་ལག་རྩལ་ཞབས་ཞུའི་དོ་དམ་སྲོལ་ཡིག་དང་སྤྱི་ཚོགས་སྙོར་སྐྱོང་མ་དངུལ་བསྡུ་ལེན་དོ་དམ་བྱེད་ཐབས། གཏན་འཁེལ་མེད་པའི་མི་གྲངས་ཀྱི་འཆར་ལྡན་བུ་སྐྱེ་བྱ་བའི་སྲོལ་ཡིག་བཅས་སྲིད་འཛིན་ཁྲིམས་སྲོལ་གསུམ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཐག་བཅད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།