ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་སྐབས་དྲུག་པ་པེ་ཅིང་དུ་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ངོ་གཅིག་གི་རིང་ལ་བསྡུས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་སྐབས་དྲུག་པ་ཟླ་དགུ་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོ་པེ་ཅིང་མི་རིགས་ཟློས་གར་ཁང་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བྱ་དགའ་སྟེར་བའི་མཛད་སྒོ་དང་མཇུག་བསྡུ་བའི་རིག་རྩལ་དགོང་ཚོགས་སྟེང་ཞུགས་པར་མ་ཟད། བྱ་དགའ་ཐོབ་པའི་ཐུན་མོང་དང་མི་སྒེར་གྱི་འཐུས་མིར་དགའ་རྟགས་བྱིན།

ཐེངས་འདིའི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་ལེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བཟུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པ་བརྗོད་དོན་དུ་བཟུང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བསྐྲུན་རྒྱུ་གཙོ་གནད་དུ་བཟུང་བ། མི་རིགས་མཐུན་སྒྲིལ་དང་དབུལ་ཐར་མཁྲེགས་གཏོར། ལྷད་མེད་འཕེལ་རྒྱས། བོད་སྐྱོར་ཞིན་སྐྱོར་སོགས་ཀྱི་ནང་དོན་དཀྱིལ་སྙིང་དུ་བཟུང་ནས། སྒྱུ་རྩལ་གྱི་རྣམ་པ་སྤྱད་དེ་ཏང་དང་མེས་རྒྱལ། མི་དམངས། དུས་རབས་བཅས་ལ་བསྟོད་གླུ་ཕུལ། ཐེངས་འདིའི་འཁྲབ་སྟོན་ལེ་ཚན་དག་ལ་ནང་སྙིང་ཟབ་ཅིང་གསར་རྩོམ་གྱི་སྤུས་ཚད་ལེགས་པ། སྒྱུ་རྩལ་གྱི་རྟོག་ལྗོངས་མཐོ་བ་བཅས་ཀྱི་ཁྱད་ཆོས་ཡོད།

སུང་ཁྲུན་ལན་དང་ཧོང་ཁོན་མེན། ཡིག་ཆོན། པདྨ་འཕྲིན་ལས། པ་ཐར་བཅས་འཁྲབ་སྟོན་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།