ཀྲུང་གོ་བོད་ཀྱི་དྲ་བ།

2020ལོར་རང་རྒྱལ་དུ་དཔང་ཡིག་ཡོད་པ་དང་ཐོ་འགོད་སྙན་སེང་ཞུས་ཡོད་པའི་ལས་ཁུངས་ཀྱི་དྲ་རྒྱའི་བལྟ་ཉན་གྱི་ཡོང་སྒོ་སྒོར་དུང་ཕྱུར2900ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་གསར་འགོད་པས་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི2021རྒྱང་སྒྲོག་བརྙན་འཕྲིན་བལྟ་ཉན་ཐོན་རྫས་ཀྱི་མཐོ་རིམ་གླེང་སྟེགས་ནས་ཤེས་གསལ་ལྟར་ན། 2020ལོར་རང་རྒྱལ་དུ་དཔང་ཡིག་ཡོད་པ་དང་ཐོ་འགོད་སྙན་སེང་ཞུས་ཡོད་པའི་ལས་ཁུངས་ཀྱི་དྲ་རྒྱའི་བལྟ་ཉན་གྱི་ཡོང་སྒོ་སྒོར་དུང་ཕྱུར2943.93ལ་སླེབས་ཡོད་པ་དེ་དུས་མཉམ་དང་བསྡུར་ན69.37%འཕར་ཡོད།

གླེང་སྟེགས་ཀྱི་ཚོགས་ཞུགས་ཆེད་མཁས་པས་ཉེ་བའི་ལོ་ཤས་རིང་། བལྟ་ཉན་ཐོན་ལས་དེ་གྲངས་ཀའི་དཔལ་འབྱོར་གྱི་འདེགས་ནུས་གཙོ་བོ་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་འགུལ་ནུས་གཙོ་བོར་གྱུར་ཡོད་པ་རེད། རྒྱང་སྒྲོག་བརྙན་འཕྲིན་བྱ་བས་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱུན་མཐུད་གསར་སྐྲུན་གྱིས་བལྟ་མཁན་དང་ཉན་མཁན་ལ་སྟབས་བདེ་བཟོས་པས་དྲ་རྒྱའི་བལྟ་ཉན་ཐོན་ལས་དེ་ཐོན་ལས་འཕེལ་རྒྱས་ཀྱི་འདེགས་ནུས་གལ་ཆེན་དུ་གྱུར་ཡོད་པར་འདོད།

རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མིན་ཏུང་གིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ་རྒྱང་སྒྲོག་བརྙན་འཕྲིན་གྱིས་ལོ་བརྒྱའི་ཏང་གི་ལོ་རྒྱུས་ལས་བློ་གྲོས་ཀྱི་སྟོབས་ཤུགས་བསྡུ་ལེན་དང་མུ་མཐུད་དུ་རྒྱང་སྒྲོག་བརྙན་འཕྲིན་གྱི“བཟོ་སྐྲུན་ཆེན་པོ་དྲུག”ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱུན་ཆད་མེད་པར་ལས་དོན་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུ་དང་ཐོན་ལས་ཀྱི་རྨང་གཞིའི་སྟོབས་ཤུགས་ཆེ་རུ་བཏང་ནས་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་གྱི་མ་འོངས་བ་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།