2021ལོའི་འཛམ་གླིང་འཕྲིན་སྦྲེལ་དྲ་བའི་ཚོགས་ཆེན“འཕྲིན་སྦྲེལ་དྲ་བའི་འོད་སྣང”དངོས་མང་སྟོན་ཚོགས་ཀྲེ་ཅང་ཞིང་ཆེན་ཝུའུ་ཀྲིན་དུ་འཚོགས་མགོ་བརྩམས།

པར་འདི་ནི་ཟླ9པའི་ཚེས25ཉིན་ལྟད་མོ་བས་ཀྲུང་གོ་སྤོ་འགུལ་གྱི་འགྲེམ་སྟོན་སྟེགས་བུའི་སྟེང5Gལག་རྩལ་རོལ་མྱོང་བྱེད་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས25ཉིན། 2021ལོའི་འཛམ་གླིང་འཕྲིན་སྦྲེལ་དྲ་བའི་ཚོགས་ཆེན“འཕྲིན་སྦྲེལ་དྲ་བའི་འོད་སྣང”དངོས་མང་སྟོན་ཚོགས་ཀྲེ་ཅང་ཞིང་ཆེན་ཝུའུ་ཀྲིན་དུ་མགོ་ཚུགས། ཐེངས་འདིའི་དངོས་མང་སྟོན་ཚོགས་སྟེང་གཙོ་བོར་སྔོན་ཐོན་ལག་རྩལ་དང་སྤྲིན་རྩིས། གཞི་གྲངས་ཆེན་མོ། མི་བཟོས་རིག་ནུས། དྲ་རྒྱའི་བདེ་འཇགས་བཅས་ཀྱི་ལག་རྩལ་གསར་བ་དང་ཐོན་རྫས་གསར་བ་དང་། དཔལ་འབྱོར་དང་སྤྱི་ཚོགས། སྲིད་གཞུང་བཅས་ཀྱི་ལས་རིགས་སོ་སོའི་གྲངས་འཛིན་ཅན་བཅོས་བསྒྱུར་ཐད་བླངས་བའི་གྲུབ་འབྲས་གསར་བ་རྣམས་འགྲེམ་སྟོན་བྱས་ཡོད། །

པར་འདི་ནི་ཟླ9པའི་ཚེས25ཉིན་ལྟད་མོ་བས་ཀྲུང་གོ་གློག་འཕྲིན་གྱི་འགྲེམ་སྟོན་སྟེགས་བུའི་སྟེང5Gལག་རྩལ་རོལ་མྱོང་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ9པའི་ཚེས25ཉིན་ལྟད་མོ་བས་ཧྭ་ཝེ་ཀུང་སིའི་འགྲེམ་སྟོན་སྟེགས་བུ་སྟེང་ནུས་ཁུངས་གསར་བའི་རླངས་འཁོར་ལ་རོལ་མྱོང་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ9པའི་ཚེས25ཉིན་ལྟད་མོ་བས་པའེ་ཏུའུ་ཀུང་སིའི་འགྲེམ་སྟོན་སྟེགས་བུ་སྟེང་གི་འཕྲུལ་ཆས་གསར་བར་རོལ་མྱོང་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ9པའི་ཚེས25ཉིན་པར་བླངས་བའི“འཕྲིན་སྦྲེལ་དྲ་བའི་འོད་སྣང”གྱི་དངོས་མང་སྟོན་ཚོགས་ཀྱི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི་ཟླ9པའི་ཚེས25ཉིན་བྱིས་པ་ཞིག་གིས“འཕྲིན་སྦྲེལ་དྲ་བའི་འོད་སྣང”གྱི་དངོས་མང་སྟོན་ཚོགས་སྟེངAI(མི་བཟོས་རིག་ནུས)རོལ་མྱོང་བྱེད་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།