ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐང་ཀའི་རྒྱལ་པོར་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པར་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀས་ཆབ་སྲིད་ཐད་ཕན་ཚུན་ཡིད་རྟོན་བྱེད་ཚད་སྔར་ལས་ཇེ་ཆེར་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། རྒྱལ་ཁབ་གཉིས་ཀས་ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་མཉམ་འགོག་བྱས། ཀྲུང་གོས་ཐང་ཀ་རྒྱལ་ཁབ་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་དུ་བསྟར་བར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དང་རིམས་ནད་གཉིས་མཉམ་དུ་ཡོད་པའི་རྙོག་འཛིང་ཆེ་བའི་གནས་སྟངས་ལ་དམིགས་ཏེ། རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངསཀྱི་་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་མཐར། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐང་ཀ་རྒྱལ་ཁབ་ཕྱོགས་དང་ལྷན་དུ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཏུ། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་བཏང་ནས། ཐང་ཀ་རྒྱལ་ཁབ་ཕྱོགས་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ཅི་ཡང་མེད་པའི་སྒོ་ནས་དཔལ་འབྱོར་ལག་རྩལ་གྱི་རོགས་སྐྱོར་མཁོ་འདོན་བྱེད་རྒྱུ་དང་། ཞིང་ལས་ལག་རྩལ་མཉམ་ལས་ལས་གཞི་མུ་མཐུད་ལག་བསྟར་ཡག་པོ་བྱས་ཏེ། ཐང་ཀ་རྒྱལ་ཁབ་ཀྱི་ཉ་ལས་ཐོན་རྫས་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་དགོས་ངེས་ཀྱི་གཞོགས་འདེགས་བྱེད་འདོད་ཡོད། ཀྲུང་གོས་ཐང་ཀ་རྒྱལ་ཁབ་ཀྱི་ཁེ་ལས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུའི་ནང་འབད་པས་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཐང་ཀ་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་ཐད་རང་ནུས་ཡོད་རྒུས་རོགས་རམ་བྱེད་འདོད་ཡོད།

ཐུའུ་ཕུའུ་སྐུ་ཕྲེང་དྲུག་པས་བསྟན་དོན། ཀྲུང་གོའི་སྨན་བཅོས་ཆེད་མཁས་པ་དང་ཞིང་ལས་ལག་རྩལ་ཆེད་མཁས་པས་ཐང་ཀ་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པས་དེའི་ཐད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐང་ཀ་རྒྱལ་ཁབ་ཀྱི་རང་བཙན་རང་བདག་རྒྱུན་འཁྱོངས་དང་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་ནས། ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཐང་ཀ་རྒྱལ་ཁབ་ཀྱིས་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་་འབྲེལ་བར་ཤུགས་སྣོན་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། དེའི་ཐད་ནུས་པ་ཆེན་པོ་འདོན་ཐུབ་པར་རེ་ལྟོས་བྱེད་ཀྱིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།