ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨེ་ཤ་ཡ་བྱང་ཤར་གྱི་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བཅུ་གསུམ་པ་དངོས་སུ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨེ་ཤ་ཡ་བྱང་ཤར་གྱི་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བཅུ་གསུམ་པའི་འགོ་རྩོམ་མཛད་སྒོ་དང་ཨེ་ཤ་ཡ་བྱང་ཤར་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་བཅུ་གཅིག་པ་ཚེས་ཉེར་གསུམ་ཉིན་ཅི་ལིན་ཁྲང་ཁྲོན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་འགོ་རྩོམ་མཛད་སྒོར་ཞུགས་ཏེ་བཤམས་སྟོན་ཚོགས་འདུའི་འགྲེམ་སྟོན་ཁང་ལ་སྐོར་ཞིབ་བྱས།

གཡང་ཅེ་ཁྲི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས། ས་ཁུལ་འཕེལ་རྒྱས་མཉམ་ལས་ལ་ཁ་ཕྱོགས་གསལ་བོ་བསྟན། ཨེ་ཤ་ཡ་བྱང་ཤར་ཁྱབ་ཁོངས་ཀྱི་རྒྱལ་ཁབ་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་ཐབས་བྱེད་པ་དང་མཉམ་དུ་ཉམས་ཉེན་ལ་ཁ་གཏད་འཇལ་ནས། ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

དབྱང་ཅེ་ཁྲི་ཡིས་བསྟན་དོན། ཀྲུང་གོས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་བཞིན་ཡོད་ཅིང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་ཀྱིན་ཡོད་པར་མ་ཟད། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་སྐྲུན་བྱེད་ཀྱིན་ཕྱོགས་སོ་སོར་གོ་སྐབས་སྣ་མང་སྟེར་གྱིན་ཡོད་པས། རྒྱལ་ཁབ་སོ་སོ་ཀྲུང་གོའི་ཁྲོམ་རའི་ནང་ཧུར་ཐག་སྒོས་ཞུགས་ཏེ་ཐུན་མོང་འཕེལ་རྒྱས་མངོན་དུ་འགྱུར་བར་དགའ་བསུ་ཞུ་བཞིན་ཡོད།

ཚོགས་ཞུགས་རྒྱལ་ཁབ་ཁག་གི་ཆབ་སྲིད་མི་སྣ་གལ་ཆེན་ཚོས་བསྟན་དོན། ཀྲུང་གོ་དང་མཉམ་དུ་ལག་གདང་སྦྲེལ་ཏེ་རིམས་ནད་ལས་རྒྱལ་བར་བྱེད་རྒྱུ་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུན་ལ་ཤུགས་བསྣན་ནས། མཉམ་དུ་དཔལ་འབྱོར་སླར་གསོ་ཡོང་བར་འབད་འདོད་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།