ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ་རང་རྒྱལ་གྱིས་ས་ནག་མུའུ་དུང་ཕྱུར1སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་ལས་འགན་ལེགས་འགྲུབ་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ནོད་སྲིད་པུའུ་སོགས་སྡེ་ཁག་གིས་མཉམ་དུ《རྒྱལ་ཁབ་ཀྱི་ས་ནག་སྲུང་སྐྱོང་ལས་གཞིའི་ལག་བསྟར་ཇུས་གཞི(2021—2025ལོ)》བཀྲམ་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ་རང་རྒྱལ་གྱིས་ས་ནག་མུའུ་དུང་ཕྱུར1སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་ལས་འགན་ལེགས་འགྲུབ་བྱ་རྒྱུ་ཡིན་ཞིང་། ས་ནག་གི་རྨོ་ཞིང་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་བཏང་ནས། ས་རྒྱུའི་སྐྱེ་ལྡན་རྫས་འདུས་ཚད་ཆ་སྙོམས་ཀྱིས10%ཡི་ཡན་དུ་འཕར་རྒྱུ་ཡིན་པ་གསར་བོར་བཏོན་ཡོད།

རྗེས་མར། སྡེ་ཁག་སོ་སོས《ཇུས་གཞི》དེ་རྨང་གཞི་རུ་བཟུང་སྟེ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། ས་ནག་སྲུང་སྐྱོང་བེད་སྤྱོད་ལག་རྩལ་གྱི་རྣམ་པ་དང་ཡུན་རིང་གི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་རེད། ཕྱོགས་གཅིག་ནས་སྲིད་ཇུས་སྤྱི་འདོམས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ཏེ། ཤར་བྱང་ཞིང་ཆེན(ལྗོངས)བཞི་ཡི་ད་ཡོད་ཀྱི་རྣམ་གྲངས་སྤྱི་འདོམས་དང་ལས་རིགས་ནང་ཁུལ་གྱི་འབྲེལ་ཡོད་མ་དངུལ་སྡེབ་སྒྲིག་དང་ལས་རིགས་བར་གྱི་འབྲེལ་ཡོད་མ་དངུལ་སྤྱི་འདོམས་ལ་ཤུགས་བསྣན་ནས། ས་ནག་གི་སྲུང་སྐྱོང་བེད་སྤྱོད་ལམ་ལུགས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད། ཕྱོགས་གཞན་ཞིག་ནས་གཞི་ཁྱོན་ཅན་གྱི་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། ས་ནག་གི་སྲུང་སྐྱོང་དང་ལས་ཆོད་ཆེ་བའི་ཞིང་བའི་འཕེལ་རྒྱས། ཟོང་རྟགས་ཞིང་ལས་ཀྱི་ཟུང་འབྲེལ་དམ་ཚགས་ལ་སྐུལ་འདེད་བཏང་ནས། ས་ནག་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་ཕྱོགས་བསྡུས་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།