སློབ་གསོ་པུའུ་ཡིས་སློབ་གྲྭའི་ཕྱི་རོལ་དུ་མངོན་མིན་གཞན་བསྒྱུར་གྱི་ཁྲིམས་འགལ་གསོ་སྐྱོང་བྱེད་པར་དག་ཐེར་ནན་མོ་བྱ་རྒྱུ་ཡིན་ཞེས་བསྟན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡིས་ཚེས23ཉིན་བསྡུས་པའི་གསར་འགྱུར་བརྡ་སྦྱོར་ཚོགས་འདུའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། མུ་མཐུད་དུ“གཉིས་འཕྲི”སྲིད་ཇུས་འཐུས་ཚང་དང་། འགྲན་བསྡུར་རིགས་ཀྱི་དོ་དམ་བྱེད་ཐབས་བཟོ་བཅོས་དང་ཞིབ་འཇུག “རྒྱལ་སྤྱི”ཞེས་པའི་མིང་ཐོག་ནས་འགྲན་བསྡུར་ཅི་རིགས་སྤེལ་བར་བཅོས་སྐྱོང་བྱེད་པ་དང་། “ཁེ་གཉེར་ནས་ཁེ་གཉེར་མ་ཡིན་པར”བསྒྱུར་བའི་འགྲོ་རིམ་ལེགས་བཅོས་བྱེད་པ། སློབ་གྲྭའི་ཕྱི་རོལ་དུ་གསོ་སྐྱོང་སྡེ་ཁག་འཛུགས་པའི་ཚད་གཞི་ཞིབ་འཇུག་དང་འཆར་ཟིན་བཟོ་བ། སློབ་གྲྭའི་ཕྱི་རོལ་དུ་གསོ་སྐྱོང་བྱེད་པའི་འབྲེལ་ཡོད་དོ་དམ་ལམ་ལུགས་འཛུགས་པར་ཤུགས་སྣོན་བཅས་བྱས་ཏེ་རིག་ཚན་མ་ཡིན་པའི་གསོ་སྐྱོང་སྡེ་ཁག་གི་དོ་དམ་ཀྱང་མཉམ་གཅིག་ཏུ་བསྡུ་རྒྱུ་མ་ཟད། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས“གཅིག་གཏད་གཅིག་གི་ཟབ་ཁྲིད”དང“མང་ཇུས་སྒེར་ཁྲིད”“ཁྱིམ་སྡོད་དགེ་རྒན”སོགས་མངོན་མིན་གཞན་བསྒྱུར་གྱི་ཁྲིམས་འགལ་བྱ་སྤྱོད་ལ་དག་ཐེར་ནན་མོ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།