པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་བརྡ་ཁྱབ་རི་མོ་དངོས་སུ་ཡོངས་བསྒྲགས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས22ཉིན། པེ་ཅིང2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་བརྡ་ཁྱབ་རི་མོ་དངོས་སུ་ཡོངས་བསྒྲགས་བྱས། ཨོ་རྩལ་འགྲན་ཚོགས་ཀྱི་བརྡ་ཁྱབ་རི་མོ་ནི་སྐབས་རིམ་བྱུང་གི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་གིས་མཐོང་ཆེན་བྱེད་པའི་རིག་གནས་བརྒྱུད་སྤེལ་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྡ་ཁྱབ་རི་མོར་གཞུང་ཕྱོགས་ཀྱི་བརྡ་ཁྱབ་རི་མོ་དང་དྲིལ་སྒྲོག་གི་བརྡ་ཁྱབ་རི་མོ་བཅས་སྣ་གཉིས་ཡོད་པ་རེད།

གཞུང་ཕྱོགས་ཀྱི་བརྡ་ཁྱབ་རི་མོ་དེ2020ལོའི་ཟླ7པར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ཇུས་འགོད་བྱས་ནས་བཟོས་ཤིང་ཁྱོན་ཚོགས་ཆུང་གསུམ་དང་བརྡ་ཁྱབ་རི་མོ་དྲུག་ཡོད་པ་རེད།

དྲིལ་སྒྲོག་གི་བརྡ་ཁྱབ་རི་མོར་བསྡོམས་པས11ཡོད་ལ། ལུས་རྩལ་བརྗོད་དོན་གཙོ་བོ་བྱས་ཤིང་རིག་གནས་ཀྱི་ནང་དོན་འདྲེས་བར་བྱས་ཏེ། དགུན་དུས་ཨོ་རྩལ་འགྲན་ཚོགས་དང་ཀྲུང་གོའི་རིག་གནས། གྲོང་ཁྱེར་གྱི་མཛེས་རྣམ། གངས་འཁྱགས་ལུས་རྩལ་བཅས་ཀྱི་གྲུབ་ཆས་རྒྱན་པར་བྱས་ཡོད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།