ཀྲུང་གོ་བོད་ཀྱི་དྲ་བ།

ཧར་པིན་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ8ཇེ་མང་དུ་སོང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཧར་པིན་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་བཀོད་འདོམས་པུའུ་ནས་ཤེས་གསལ་ལྟར་ན། 2021ལོའི་ཟླ9བའི་ཚེས21ཉིན་གྱི་ཆུ་ཚོད18ནས་ཚེས22ཉིན་གྱི་ཆུ་ཚོད16བར། ཧར་པིན་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ8ཇེ་མང་དུ་སོང་བ་དེ་ཟླ9བའི་ཚེས21ཉིན་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ3པོ་དང་འབྲེལ་བ་དམ་ཟབ་བྱས་མྱོང་མཁན་ཡིན་པས། ནུས་ཤུགས་ཡོད་རྒུས་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་མགྱོགས་མྱུར་ངང་རིམས་ནད་མཆེད་པའི་འབྱུང་ཁུངས་རྩ་མེད་དུ་གཏོང་ཆེད་དེ་རིང་ནས་བཟུང་ཧའར་པིན་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་བྱ་བ་ཉིན་གསུམ་རིང་མཚམས་འཇོག་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།