ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་མངག་བཅོལ་ལྟར་སློབ་གསོ་པུའུ་ཡི་འགན་ཁུར་བློ་མཐུན་རྣམས་ཀྱིས་དབྱང་ཀྲེན་ཉིང་ལ་འཚམ་འདྲི་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་སློབ་གསོ་པུའུ་ཡི་འགན་ཁུར་བློ་མཐུན་རྣམས་ཟླ9བའི་ཚེས22ཉིན་ཆིང་ཧྭ་སློབ་ཆེན་དུ་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་མིང་གྲགས་ཅན་གྱི་དངོས་ཁམས་རིག་པ་བ་དབྱང་ཀྲེན་ཉིང་ལ་འཚམ་འདྲི་བྱས་པ་མ་ཟད། ཞི་ཅིན་ཕིང་གི་ཚབ་ཞུས་ནས་རྟེན་འབྲེལ་གྱི་མེ་ཏོག་ཕུལ་ཏེ་ཁོང་གི་ལོ་བརྒྱ་ཡི་འཁྲུངས་སྐར་ལ་སྨོན་འདུན་བཟང་པོ་དང་། སྐུ་ལུས་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་བརྒྱུད་བསྒྲགས་བྱས།

དབྱང་ཀྲེན་ཉིང་ནི1922ལོའི་ཟླ9བའི་ཚེས22ཉིན་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་དུ་སྐྱེས་ཤིང་དུས་རབས་སྔོན་མའི་ལོ་རབས40པར་ཨ་རིར་སློབ་སྦྱོང་དུ་སོང་ནས་དགེ་རྒན་གྱི་བྱ་བ་གཉེར། 1957ལོར་བྱེད་ནུས་ཆུང་བའི་ཕན་ཚུན་ཁྲོད་ཡུས་ཁྲེང་གི་གཏན་གནས་མིན་པའི་ངེས་སྲོལ་གྱི་རྩ་བའི་རིགས་པ་བཏོན་གནང་མཛད་པས་ལི་ཀྲེང་ཏའོ་དང་ཁོང་རྣམ་གཉིས་ལ་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ། ཁོང་གིས་བཏོན་པའི“དབྱང-སྨིར་སིའི་ཚད་ལྡན་ར་བ”ཞེས་པའི་གཞུང་ལུགས་དེ་དུས་རབས20བའི་དངོས་ཁམས་རིག་པའི་གྲུབ་འབྲས་གལ་ཆེན་གྱི་གྲས་སུ་ཚུད་ཡོད། 2003ལོ་ནས་བཟུང་དབྱང་ཀྲེན་ཉིང་ཕྱིར་རྒྱལ་ནང་དུ་ལོག་ཅིང་ཆིང་ཧྭ་སློབ་ཆེན་དུ་དགེ་རྒན་གྱི་བྱ་བ་གཉེར་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྐོང་འགུག ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བྱས་རྗེས་གལ་ཆེན་ཕུལ་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།