ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་བ་དང“ཞིང་གསུམ”འཐབ་ཕྱོགས་སྟེང་བྱ་བ་སྒྲུབ་བཞིན་པའི་བློ་མཐུན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐབས་བཞི་བའི་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་བ་དང“ཞིང་གསུམ”འཐབ་ཕྱོགས་སྟེང་བྱ་བ་སྒྲུབ་བཞིན་པའི་བློ་མཐུན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་སྟེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བ་དང་རྒྱ་ཆེའི་ཞིང་བའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་བསྒྱུར་དགོས་པར་ནན་གྱིས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཞི་བའི་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་བ་དང་“ཞིང་གསུམ”འཐབ་ཕྱོགས་སྟེང་བྱ་བ་སྒྲུབ་བཞིན་པའི་བློ་མཐུན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་ད་ལོའི་རིང་ང་ཚོས་པྲོག་གསར་གློ་ཚད་རིམས་ནད་དང་། ཆུ་ལོག་དང་ཞོད་སྐྱོན་གྱི་རང་བྱུང་གནོད་འཚེ་སོགས་ཀྱི་དཀའ་ངལ་ཁྱད་དུ་སེལ་ནས། འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ལ་ལོ་ལེགས་བྱུང་བ་དང་། ཞིང་སྡེ་འཆམ་མཐུན་བརྟན་བརླིང་ཡིན་ལ། ཞིང་བ་བདེ་སྐྱིད་ཁམས་བཟང་ཡིན་པས། མགོ་གསར་བ་འཛུགས་པ་དང་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ཁྱོན་ཡོངས་བརྟན་བརླིང་དུ་གཏོང་བར་ཕན་ནུས་གལ་ཆེན་བཏོན་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་མི་རིགས་བསྐྱར་དར་བྱེད་དགོས་ན་ངེས་པར་དུ་གྲོང་གསེབ་དར་སྤེལ་གཏོང་དགོས། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་གསར་བ་མངོན་འགྱུར་བྱེད་པའི་དུས་མཚམས་སུ། “ཞིང་གསུམ”བྱ་བའི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་གྱིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི“ཞིང་གསུམ”བྱ་བའི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ལས་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་དང་། ཞིང་ལས་ཞིང་སྡེའི་དེང་རབས་ཅན་ཇེ་མགྱོགས་སུ་བཏང་ནས། རྒྱ་ཆེའི་ཞིང་བ་རྣམས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།