འཕྲལ་བསྟུན་དོ་དམ་པུའུ་ཡིས་ཟླ་མཆོད་དུས་ཆེན་རིང་རྒྱལ་ཡོངས་སུ་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ཚབས་ཆེན་དང་རང་བྱུང་གནོད་སྐྱོན་ཅུང་ཚབས་ཆེ་བའི་རིགས་གཅིག་ཀྱང་མ་བྱུང་ཞེས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན་གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཉིན་དེའི་ཆུ་ཚོད20བར་དུ། ཟླ་མཆོད་དུས་ཆེན་གུང་གསེང་རིང་རྒྱལ་ཡོངས་ཀྱི་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་། ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ཚབས་ཆེན་དང་རང་བྱུང་གནོད་སྐྱོན་ཅུང་ཚབས་ཆེ་བའི་རིགས་གཅིག་ཀྱང་བྱུང་མེད། རྒྱལ་ཁབ་ཕྱོགས་བསྡུས་ཅན་གྱི་མེ་གསོད་མྱུར་སྐྱོབ་དཔུང་ཁག་གིས་ཟླ་མཆོད་གུང་གསེང་རིང་བཀོད་འདོམས་དམག་འཐབ་པ་མི་ཐེངས་ཁྲི10.5དང་མེ་གསོད་རླངས་འཁོར་བསྐྱོད་ཐེངས་ཁྲི1.9བཀོད་གཏོང་བྱས་ཏེ། རིགས་སོ་སོའི་མེ་གསོད་དང་མྱུར་སྐྱོབ་ཉེན་སེལ་རོགས་སྐྱོབ་སོགས་ཀྱི་ལས་འགན་ཐེངས8700སྒྲུབ་པ་དང་། མང་ཚོགས་མི2331མྱུར་སྐྱོབ་དང་ཁ་འགྲེམ་བྱས། གཙོ་གནད་ས་ཁོངས་དང་གཙོ་གནད་ནགས་ཁུལ། གཙོ་གནད་ཚོགས་ར་བཅས་སུ་ལས་རེས་ས་ཚིགས4016བཙུགས་པ་དང་། མེ་གསོད་རླངས་འཁོར3800ལྷག་དང་ཐད་འཕུར་གནམ་གྲུ6བཅས་མངགས་བཀོད་བྱས་ལ། བཀོད་འདོམས་དམག་འཐབ་པ་མི་ཁྲི3.7བཀོད་གཏོང་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།