ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཀོང་ཏུང་གི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1127884053_16321400308451n.jpg

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་བྱས། འདི་ནི་ཧན་ཀྲིན་གྱིས་ཚེས་བཅུ་དགུ་ཉིན། ཆེན་ཧེ་ཅ་ལེ་ལྟེ་གནས་སུ་རྟོག་ཞིབ་བྱེད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་བྱས། ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། ཆན་ཧེ་དང་ཧྲིན་ཀྲིན། ཞང་ཀང་བཅས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་མཉམ་ལས་ས་ཁུལ་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

ཧན་ཀྲིན་ཆན་ཧེ་ཅ་ལེ་ལྟེ་གནས་སུ་སོང་ནས། ཆན་ཧེ་ཡི་ཧྲིན་ཀྲིན་དང་ཞང་ཀང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་ལས་ཁུལ་རྒྱ་བསྐྱེད་པའི་འཆར་འགོད་འཛུགས་སྐྲུན་དང་གོ་རིམ་རྗེས་མའི་བྱ་བའི་བསམ་ཕྱོགས་ཡར་ཞུ་བྱས་པར་ཉན་པ་དང་། མཉམ་ལས་ཁུལ་གྱི་གསར་སྤེལ་འཛུགས་སྐྲུན་གནས་ཚུལ་ལ་བལྟས་པར་མ་ཟད། ཞང་ཀང་ཉོ་འཚོང་ཁང་གི་ཆན་ཧེ་མཉམ་འབྲེལ་ཉོ་འཚོང་ལྟེ་གནས་སུ་སོང་ནས། ཚོང་རྫས་འབར་ཆེན་ཉོ་འཚོང་སྟེགས་བུ་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། ཚོང་རྫས་ཀྱི་རིགས་སྣ་དང་རིན་གོང་གི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས། ཧན་ཀྲིན་གྱིས་ཆན་ཧེ་མཉམ་ལས་ཁུལ་གྱི་གསར་སྤེལ་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། མཉམ་ལས་ཁུལ་རྒྱ་བསྐྱེད་པ་དང་དབང་ཆ་མར་གཏོང་བ། ནུས་པ་བསྐྱེད་པ་སོགས་ཀྱི་སྲིད་ཇུས་བཟང་པོ་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་།ཧྲིན་ཀྲིན་དང་ཞང་ཀང་གི་མཉམ་ལས་བྱེད་ཐབས་སུ་བྱས་ཏེ། ཞང་ཀང་གི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཁྱད་སྟོབས་བེད་སྤྱོད་བྱེད་པ་དང་། ཐོན་ལས་ཀྱི་གྲུབ་ཚུལ་ལ་འཆར་འགོད་ཞིབ་མོ་བྱེད་པ། འཕེལ་རྒྱས་ཀྱི་རྗེས་སྟོབས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཧྲན་ཀྲིན་ཀྲུང་གོ་ཧྲིན་ཀྲིན་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལྟེ་གནས་སུ་སོང་ནས། ཤེས་བྱའི་ཐོན་དབང་ཚིགས་གཅིག་ཅན་གྱི་མཐུན་སྦྱོར་སྲུང་སྐྱོབ་སྟེགས་བུའི་འཛུགས་སྐྲུན་དང་། ཕྱི་རྒྱལ་གྱི་ཤེས་བྱའི་ཐོན་དབང་གི་རྩོད་པར་ཁ་གཏད་འཇལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ཤེས་བྱའི་ཐོན་དབང་གསར་སྐྲུན་དང་སྲུང་སྐྱོབ། བཀོལ་སྤྱོད་བཅས་ཀྱི་སྐྱེ་ཁམས་མ་ལག་འཛུགས་པ་དང་། ཤེས་བྱའི་ཐོན་དབང་དང་ལྷག་པར་དུ་དམངས་གཉེར་ཚན་རྩལ་གསར་གཏོད་ཁེ་ལས་ཀྱི་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་ནས། ཤེས་བྱའི་ཐོན་དབང་གི་ཞབས་ཞུ་སྟབས་བདེ་ཅན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།  ཆན་ཧེ་མཉམ་ལས་ཁུལ་མི་དམངས་ཁྲིམས་ཁང་ནས། ཧན་ཀྲིན་གྱིས་ཕྱི་ཕྱོགས་དང་འབྲེལ་བའི་ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་དམངས་ཚོང་གྱོད་དོན་ཐག་གཅོད་དང་རྒྱལ་སྤྱིའི་ཚོང་དོན་རྩོད་གཞི་སྣེ་མང་ཅན་གྱི་ཐག་གཅོད་བྱ་བར་རྟོག་ཞིབ་བྱས།

ཧན་ཀྲིན་གྱིས་བསྟན་དོན། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་མཚོ་ཁུགས་ཆེན་པོའི་བཅའ་ཁྲིམས་སྒྲིག་སྲོལ་འབྲེལ་མཐུད་དང་སྒྲིག་ལུགས་སྦྲེལ་མཐུད་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་རྒྱུ་དང་། ཆེད་ལས་ཅན་གྱི་འཇོན་ཐང་མི་སྣ་སྐོར་ཞིག་དང་ཁྱད་པར་དུ་ན་གཞོན་ཆེད་ལས་ཅན་གྱི་འཇོན་ཐང་མི་སྣ་གསོ་སྐྱོང་བྱས་ནས། ཞང་ཀང་དང་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་དང་རྒྱལ་སྤྱིའི་ཚོང་དོན་རྩོད་གཞི་ཐག་གཅོད་ལྟེ་གནས་བསྐྲུན་ཏེ། བཅའ་ཁྲིམས་ཞབས་ཞུའི་ཆུ་ཚད་མངོན་སུམ་གྱིས་ཇེ་མཐོར་གཏོང་བ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་འཛུགས་སྐྲུན་ལ་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།

ཧན་ཀྲིན་ཧྲིན་ཀྲིན་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟི་དང་། མའེ་རོས་སྐྱེ་དངོས་སྨན་བཅོས་གློག་རྡུལ་ཀུང་ཟི་རུ་སོང་ནས། ཁེ་ལས་ཀྱི་རང་བདག་གསར་སྐྲུན་དང་ཐོན་སྐྱེད་ཚོང་གཉེར། ཁྲོམ་ར་གསར་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་ལ། རང་རྒྱལ་གྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ནས། ཚན་རྩལ་གསར་སྐྲུན་གྱི་གཙོ་གཞི་རུ་གྱུར་ཡོད། གསར་སྐྲུན་ནི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་པས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། ངེས་པར་དུ་གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་ཀྱིས་དམངས་གཉེར་ཁེ་ལས་ཀྱི་གསར་སྐྲུན་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ཚན་རྩལ་གསར་སྐྲུན་བརྒྱུར་དེ་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བར་སྐུལ་མ་གཏོང་བ་ཡིན། དམངས་གཉེར་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམ་དུ་དམིགས་ནས། ཐོན་ལས་ཅན་ཉེར་སྤྱོད་དེ་ཁྲིད་ཕྱོགས་སུ་འཛིན་པ་དང་། ཁྲོམ་ར་ཅན་གྱི་རྐྱེན་སྲོལ་བཟང་བོར་བཀོལ་ཏེ་རང་བདག་གསར་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ལིས་ཞིས་དང་ཞ་པོ་ལུང་གཉིས་རྟོག་ཞིབ་བྱ་བར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།