ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀོང་ཞི་ཡི་བྱ་བར་རྟོག་ཞིབ་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡༡.jpg

ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཡུས་ལིན་དང་ནན་ཉིང་གི་བྱ་བར་རྟོག་ཞིབ་བྱས། འདི་ནི་ལིས་ཁི་ཆང་གིས་ཡུས་ཁྲའེ་སྡེ་ཚོགས་སུ་རྟོག་ཞིབ་བྱེད་པའི་ཚུལ་རེད། 

༢༢.jpg

འདི་ནི་ལིས་ཁི་ཆང་གིས་ལུའུ་ཁྲོན་རྫོང་ཏུང་ཞི་སྡེ་བ་རུ་ཞིང་པ་དང་ཁ་བརྡ་བྱེད་པའི་ཚུལ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཡུས་ལིན་དང་ནན་ཉིང་གི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་ཆེན་པོ་གཏོང་བ་བཅས་ལ་འབད་དེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་མཚམས་སུ་གནས་པ་སྲུང་འཛིན་དང་དང་དམངས་ཚིས་བདེ་སྐྱིད་ཇེ་ཆེར་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ལིས་ཁི་ཆང་གིས་བཤད་རྒྱུར། ཁྲལ་འཕྲི་ཡོན་གཅོག་བྱེད་སྐབས་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་མདུན་སྐྱོད་བྱེད་དུ་འཇུག་དགོས་ལ། དེས་མ་འོངས་པར་རྒྱལ་ཁབ་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ། ཁྲོམ་རའི་གྲུབ་ཆ་གཙོ་བོ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་པ་དང་དམངས་གཉེར་དཔལ་འབྱོར་ནི་ལས་ཞུགས་བསྡུ་ལེན་དང་རྒྱུ་ནོར་གསར་སྐྲུན་གྱི་སྟོབས་ཤུགས་གལ་ཆེན་ཡིན། རྒྱལ་ཁབ་ཀྱིས་མུ་མཐུད་དུ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་དང་། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པར་མ་ཟད། ཚོར་གཉེར་ཁོར་ཡུག་ལེགས་བཅོས་སུ་བཏང་བ་བརྒྱུད། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ཚོང་རའི་གྲུབ་ཆ་གཙོ་བོ་སྣ་ཚོགས་ལ་ཕྱོགས་རིས་མེད་པར་འདྲ་མཉམ་འགྲན་རྩོད་ལ་སྲུང་སྐྱོབ་དང་སྔར་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

ལིས་ཁི་ཆང་གིས་ཀོང་ཞི་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དམ་པོར་འཛིན་པ། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་དཔལ་འབྱོར་གྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། དམངས་ཚིས་ལེགས་བཅོས་ཟམ་མ་ཆད་པར་བྱེད་པ་བཅས་ལ་འབད་མཐར། ཀོང་ཞི་རང་སྐྱོང་ལྗོངས་དེ་དབུས་ནུབ་རྒྱུད་འཕེལ་རྒྱས་ཀྱི་མདུན་གྲས་སུ་སླེབས་པར་འབད་དགོས་པའི་བླང་བྱ་བཏོན།

ཞའོ་ཅེ་ཡིས་རྟོག་ཞིབ་བྱེད་རོགས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།