ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས17ཉིན་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ46ཇེ་མང་དུ་སོང་བ་དང་དེའི་ནང་རང་སའི་ནད་པ31ཡོད་པར་བསྒྲགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས17ཉིན་གྱི་དུས་ཚོད0ནས24བར་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ46ཇེ་མང་དུ་སོང་བ་ཡར་ཞུ་བྱས།  དེའི་ནང་ཕྱི་ནས་མཆེད་པའི་ནད་པ15(ཡུན་ནན་ཏུ9དང་ཀོང་ཏུང་དུ3། ཧྲང་ཧེ་རུ2། ལེའོ་ཉིང་དུ1བཅས)ཡོད་པ་དང་། དེའི་ནང་ནད་རྟགས་མེད་པའི་ནད་པ་ནས་ནད་ངོས་འཛིན་བྱས་པ2(གཉིས་ཀ་ཀོང་ཏུང་དུ་ཡོད)ཡོད།  རང་སའི་ནད་པ31(ཚང་མ་ཧྥུའུ་ཅན་དུ་ཡོད་ལ། དེའི་ནང་ཕུའུ་ཐེན་གྲོང་ཁྱེར་དུ21དང་ཞ་མོན་གྲོང་ཁྱེར་དུ8། ཀྲང་ཀྲོའུ་གྲོང་ཁྱེར་དུ2བཅས)ཡོད་པ་དང་། དེའི་ནང་ནད་རྟགས་མེད་པའི་ནད་པ་ནས་ནད་ངོས་འཛིན་བྱས་པ6ཡོད།  ཤི་བའི་ནད་པ་མེད་ལ། ནད་རྟགས་འདྲ་བའི་ནད་པ་ཡང་མེད། 

ཉིན་དེར་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་པའི་ནད་པ49དང་། གསོ་རིག་ལྟ་ཞིབ་ལས་གྲོལ་བའི་འབྲེལ་འདྲིས་མཁན་མི748ཡོད་པ་དང་། ནད་གཞི་ལྗིད་བའི་ནད་པའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་ནད་པ3ཇེ་མང་ལ་སོང་།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ599(དེའི་ནང་ནད་གཞི་ལྗིད་བའི་ནད་པ5)དང་།  པྲོག་གསར་ནད་གཞི་དང་འདྲ་བའི་ནད་པ1ཡོད། བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ8967ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས8210ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།

ཟླ9པའི་ཚེས17ཉིན་གྱི་ཆུ་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པར་གཞིགས་ན། ད་ལྟ་ནད་རྟགས་ངོས་བཟུང་བའི་ནད་པ913(ནད་གཞི་ལྗིད་བའི་ནད་པ8)ཡོད་པ་དང་། བསྡོམས་པས་སྨན་ཁང་ནས་བུད་པའི་ནད་པ90074དང་ཤི་བའི་ནད་པ4636ཡོད་ལ། བསྡོམས་པས་ནད་རྟགས་ངོས་བཟུང་བའི་ནད་པ95623དང་། པྲོག་གསར་ནད་རྟགས་དང་འདྲ་བའི་ནད་པ1ཡོད། བསྡོམས་པས་ནད་པར་འབྲེལ་འདྲིས་མཁན་མི1179064ལ་རྗེས་འདེད་བྱས་པ་དང་། ད་ལྟ་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་འབྲེལ་འདྲིས་མཁན་མི16420ཡོད།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་སུ་ནད་རྟགས་མེད་པའི་ནད་པ17(ཚང་མ་ཕྱི་ནས་མཆེད་པའི་ནད་པ)ཇེ་མང་དུ་སོང་བ་དང་། ཉིན་དེར་ནད་རྟགས་ངོས་བཟུང་བའི་ནད་པ8(ཕྱི་ནས་མཆེད་པའི་ནད་པ2)ཡོད། ཉིན་དེར་གསོ་རིག་ལྟ་ཞིབ་ལས་གྲོལ་བའི་མི18(ཕྱི་ནས་མཆེད་པ16)ཡོད། སྔར་བཞིན་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་ནད་རྟགས་མེད་པའི་ནད་པ369(ཕྱི་ནས་མཆེད་པ358)ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།