ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་མང་པོ་ཞིག་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་རིན་གོང་མར་ཕབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ས་གནས་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གི་གཞུང་གཉེར་སྨན་ཁང་གི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་རིན་གོང་མར་ཕབ་པར་མཛུབ་སྟོན་བྱས། ཟླ9པའི་ཚེས16ཉིན་བར་དུ། ཀོང་ཏུང་དང་ཧུའུ་པེ། ཧྲང་ཧེ། ཐེན་ཅིན། ཧི་པེ་སོགས་ཞིང་ཆེན30ཡིས་གཞུང་གཉེར་སྨན་ཁང་གི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་རིན་གོང་མར་ཕབ་པ་དང་། ཞིང་ཆེན་མང་ཆེ་བ་ཞིག་གིས་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་རིན་གོང་དེ་མི་རེར་སྒོར60དང་ཡང་ན་དེའི་མན་ལ་ཕབ་པ་དང་། མི10ཡི་སྡེབ་བཤེར་རིན་གོང་དེ་མི་རེར་སྒོར15དང་ཡང་ན་དེའི་མན་ལ་ཕབ་ཡོད།  །

1.jpg

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།