ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་གཉིས་ཀྱིས་བྲེལ་མྱུར་ངང་སི་ཁྲོན་ཞིང་ཆེན་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི3000བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ནོར་སྲིད་པུའུ་ནས་རྒྱུས་ལོན་པ་ལྟར་ན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་གཉིས་ཀྱིས་ཚེས17ཉིན་བྲེལ་མྱུར་ངང་སི་ཁྲོན་ཞིང་ཆེན་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རོགས་སྐྱོར་མ་དངུལ་སྒོར་ཁྲི3000སྔོན་གཏོང་བྱས་ཏེ། སི་ཁྲོན་ཞིང་ཆེན་གྱི་ལུའུ་ཞན་རྫོང་དུ་ས་ཡོམ་རིམ་པ6.0ཅན་བྱུང་བར་རྒུད་སྐྱོབ་བྱ་རྒྱུ་དང་། གཙོ་བོར་འཕྲལ་སྡོམ་ཉེན་སེལ་རྒུད་སྐྱོད་དང་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་རེད། 

ནོར་སྲིད་པུའུ་ཡིས། སི་ཁྲོན་ཞིང་ཆེན་གྱིས་སྐབས་ཐོག་ཏུ་ཀྲུང་དབྱང་གི་ནོར་སྲིད་ཁ་གསབ་མ་དངུལ་གཤམ་སྤྲོད་བྱས་ཏེ། མ་དངུལ་བཀོལ་བར་ལྟ་སྐུལ་དོ་དམ་བཟང་བོ་དང་མ་དངུལ་གྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱ་རྒྱུ་མ་ཟད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཨང་དང་པོར་བཞག་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཇེ་ཉུང་དུ་གཏོང་དགོས་ཞེས་རེ་བ་བཏོན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།