ཀྲུང་གོ་བོད་ཀྱི་དྲ་བ།

སི་ཁྲོན་ཞིང་ཆེན་ལུའུ་རྫོང་གི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོབ་བྱེད་པའི་བྱ་བ་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ9བའི་ཚེས17ཉིན་སྨན་བཅོས་མི་སྣས་ལུའུ་རྫོང་ཧྥུའུ་ཅི་གྲོང་རྡལ་ཏ་ཐེན་སྡེ་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་གནོད་ཐེབས་མང་ཚོགས་ལ་ས་ཡོམ་རྗེས་ཀྱི་རིམས་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས17ཉིན། སི་ཁྲོན་ཞིང་ཆེན་ལུའུ་རྫོང་གི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོབ་བྱེད་པའི་བྱ་བ་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་ཡོད། ཟླ9བའི་ཚེས17ཉིན་གྱི་ཆུ་ཚོད12བར་ལུའུ་རྫོང་དུ་ས་ཡོམ་གྱི་གནོད་འཚེ་ལས་མི3རྐྱེན་ལམ་དུ་ཤོར་བ་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་གསར་དུ་འཕར་མེད་པ་རེད། །

པར་འདི་ནི་ཟླ9བའི་ཚེས17ཉིན་སྨན་བཅོས་མི་སྣས་ལུའུ་རྫོང་ཧྥུའུ་ཅི་གྲོང་རྡལ་ཏ་ཐེན་སྡེ་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་གནོད་ཐེབས་མང་ཚོགས་ལ་ས་ཡོམ་རྗེས་ཀྱི་རིམས་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ9བའི་ཚེས17ཉིན་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་གཉིས་ཀྱིས་ལུའུ་རྫོང་ཧྥུའུ་ཅི་གྲོང་རྡལ་ཏ་ཐེན་སྡེ་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་སློབ་ཚན་བསྐྱར་སྦྱོང་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ9བའི་ཚེས17ཉིན་བྱིས་པ་ཚོས་ལུའུ་རྫོང་ཧྥུའུ་ཅི་གྲོང་རྡལ་ལུང་ནའོ་ཆའོ་ལྟེ་གནས་སློབ་ཆུང་གི་བཀོད་སྒྲིག་བྱ་ཡུལ་དུ་མིག་མངས་རྩེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ9བའི་ཚེས17ཉིན་སྤྱི་སྤྱོད་རླངས་འཁོར་ཞིག་ལུའུ་རྫོང་ཧྥུའུ་ཅི་གྲོང་རྡལ་གྱི་ཁྲོམ་སྲང་དུ་སྐྱོད་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།