ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་སུན་ཧྥུ་ལིང་འཁྲུངས་ནས་ལོ་འཁོར100ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན། བློ་མཐུན་སུན་ཧྥུ་ལིང་འཁྲུངས་ནས་ལོ་འཁོར100ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་། ཚོགས་འདུར་ཕེབས་པའི་བློ་མཐུན་སུན་ཧྥུ་ལིང་གི་གཉེན་ཉེ་དང་མཇལ་འཕྲད་གནང་། 


ཟླ9པའི་ཚེས17ཉིན། བློ་མཐུན་སུན་ཧྥུ་ལིང་འཁྲུངས་ནས་ལོ་འཁོར100ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བཞུགས་མོལ་ཚོགས་འདུར་ཞུགས།

བློ་མཐུན་སུན་ཧྥུ་ལིང་ནི་ཀྲུང་གོའི་མི་རིགས་བཟོ་ཚོང་ལས་རིགས་པའི་འཐུས་མི་ཕུལ་བྱུང་ཡིན་ལ། རྒྱལ་ཡོངས་སྲིད་གྲོས་སྐབས་བརྒྱད་པ་དང་སྐབས་དགུ་པའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་དང་མཚན་འཛིན་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་གྱིས་བཞུགས་མོལ་ཚོགས་འདུའི་ཐོག་བློ་མཐུན་སུན་ཧྥུ་ལིང་གི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོར་དྲན་གསོ་ཞུས་ཤིང་། ཁོང་གི་ལངས་ཕྱོགས་བརྟན་པོ་དང་ཡར་རྒྱས་བརྩོན་ལེན། མེས་རྒྱལ་བློ་ལ་བཅངས་པ་དང་མི་དམངས་ལ་དགའ་ཞེན་བྱེད་པ། བཟོ་ཚོང་ལས་རིགས་ལ་བརྩེ་སེམས་འཆང་བ། མི་དམངས་དང་སྤྱི་ཚོགས་ལ་རོགས་སྐྱོར་བྱེད་པ། དངོས་འཚོལ་དོན་གཉེར་དང་ལས་བཀུར་སྐྱེས་འབུལ་གྱི་གཤིས་རྒྱུད་དང་བློ་རྒྱ་ལ་སློབ་སྦྱོང་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་བསྐྲུན་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བཅས་ཀྱི་ཆེད་དུ་མུ་མཐུད་དུ་འབད་འཐབ་བྱེད་དགོས་ཞེས་ནན་གྱིས་བསྟན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་ཡིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་བཞུགས་མོལ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།