ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་སྨི་ཧྥིན་གྱིས་ཚེས16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་པ་ལྟར་ན། ཟླ9པའི་ཚེས15ཉིན་བར་དུ། རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་པའི་མི་ཐེངས་ཁྲི216142.8ལ་སླེབས་པ་དང་། འགོག་སྨན་ཆ་ཚང་བརྒྱབ་པའི་མི་ཐེངས་ཁྲི101158.4ལ་སླེབས་ཡོད། །