ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་པ་ལིན་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་དང་གྲོས་ཁང་འོག་མའི་གྲོས་དཔོན་གྱི་འགན་གཅིག་ལྕོགས་བཞེས་པའི་ཀྲ་དབྱི་ན་ལེ་དང་གྲོས་མོལ་གནང་།  

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བརྙན་ལམ་ནས་པ་ལིན་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་དང་གྲོས་ཁང་འོག་མའི་གྲོས་དཔོན་གྱི་འགན་གཅིག་ལྕོགས་བཞེས་པའི་ཀྲ་དབྱི་ན་ལེ་དང་གྲོས་མོལ་གནང་།  

ཟླ9པའི་ཚེས15ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་པ་ལིན་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་དང་གྲོས་ཁང་འོག་མའི་གྲོས་དཔོན་གྱི་འགན་གཅིག་ལྕོགས་ཀྲ་དབྱི་ན་ལེ་དང་གྲོས་མོལ་གནང་།   

ལི་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཀྲུང་པ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ཚུན། ཕྱོགས་གཉིས་པོའི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་པོ་ཧ་མ་ཏེ་རྣམ་གཉིས་ཀྱི་ཐུན་མོང་སྣེ་ཁྲིད་འོག ཀྲུང་པའི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ལ་འཕེལ་རྒྱས་གསར་བ་བྱུང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཚད་སྔར་བས་སྲ་བརྟན་དུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྤྱི་ཚོགས་རིག་གནས་ཀྱི་འབྲེལ་འདྲིས་སྔར་བས་གཏིང་ཟབ་ཏུ་སོང་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་པ་ལིན་གྲོགས་པོ་བཟང་བོ་དང་རོགས་ཟླ་ཡག་པོར་བརྩིས་ཏེ། པ་ལིན་དང་མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་གཉིས་པོའི་མགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་རྒྱ་ཆེ་དང་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་བས་ཆེ་བ་སྐྲུན་འདོད་ཡོད་པར་གསུངས། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་པ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་པ་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཕྱོགས་གཉིས་པོས་མུ་མཐུད་དུ་ཆབ་སྲིད་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོས་པ་ལིན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། བདེ་འཇགས་བཅས་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། པ་ལིན་གྱིས་ཐའེ་ཝན་དང་འབྲེལ་བ་དང་། ཞིན་ཅང་དང་འབྲེལ་བ། ཞང་ཀང་དང་འབྲེལ་བ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཡུན་རིང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་བྱ་རྒྱུ་ཡིན། པ་ལིན་ནི་གོ་ལ་ཧྲིལ་པོའི་ཀྲུང་གོའི་རིམས་འགོག་སྨན་ཁབ་སྤྱོད་པ་དང་ཁྲོམ་རར་ཞུགས་པར་ཆོག་མཆན་འགོད་པའི་རྒྱལ་ཁབ་སྐོར་དང་པོ་རེད། ཀྲུང་གོས་པ་ལིན་གྱི་རིམས་འགོག་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན། སྤུས་ཚད་མཐོ་བའི་སྒོ་ནས་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་དང་པ་ལིན་གྱི“2030ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདུན་པ”སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་ནུས་རྒྱུ། རྨང་གཞིའི་འཛུགས་སྐྲུན། སྒུལ་བདེའི་འཕྲིན་གཏོང་རབས་ལྔ་པ། དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། རྒྱུན་ཆད་མེད་པར་འཇོན་མིའི་འབྲེལ་འདྲིས་ཇེ་དམ་དུ་བཏང་ན། རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་དམངས་འདུན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ལི་ཀྲན་ཧྲུའུ་ཡིས་ཀྲུང་གོའི་པྲོག་གསར་ནད་དུག་ཁུངས་འདེད་གནད་དོན་ཐད་ཀྱི་རྩ་དོན་དང་ལངས་ཕྱོགས་ངོ་སྤྲོད་བྱེད་དགོས་པར་བསྟན། 

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་པ་ལིན་གྱི་རྒྱལ་དམངས་གྲོས་ཚོགས་དང་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་པའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད། ཕྱོགས་གཉིས་པོས་བྱ་ཐབས་སྣ་མང་བརྒྱུད་ནས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་བར་འབྲེལ་གཏུག་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཕན་པའི་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་འགོད་པ་དང་བཟོ་བཅོས་རྒྱག་པ། ཡང་ན་གསར་དུ་བཏོན་ནས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། རྒྱལ་སྲིད་སྐྱོང་ལུགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་ཕན་ཚུན་སློབ་སྦྱོང་དང་དཔྱད་བསྡུར་བྱེད་དགོས། ས་ཁུལ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་གླེང་མོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་སོགས་ཕྱོགས་མང་གི་གནས་བབ་ཐད་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱས་ཏེ། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས་པར་བསྟན།

ཀྲ་དབྱི་ན་ལེས་བསྟན་དོན། ཀྲུང་གོར་གནའ་བོའི་དཔལ་ཡོན་དང་ལོ་རྒྱུས་རིང་བོ་ཡོད། པ་ལིན་གྱིས་ཀྲུང་གོའི་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱེད་པའི་ཁྲོད་པ་ལིན་ལ་རྒྱབ་སྐྱོར་གལ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ། པ་ལིན་གྱི་མི་དམངས་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་འབྲེལ་འདྲིས་གཏིང་ཟབ་ཏུ་བཏང་ནས། ཁྲིམས་འཛུགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བ། མི་དམངས་བར་གྱི་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་བ་སོགས་ཐད་ཁྲིམས་འཛུགས་སྒྲིག་གཞིའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་འདོད་ཡོད་པར་བསྟན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།