ཀྲུང་གོ་བོད་ཀྱི་དྲ་བ།

ཟླ8པར་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་ཆའི་རང་བཞིན་རྒྱུན་མཐུད་ངང་མངོན་པར་བྱས་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཚེས15ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ཟླ8པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དུས་མཉམ་ལས5.3%འཕར་ཞིང་། ལོ་གཉིས་རིང་ཆ་སྙོམས་བྱས་ན5.4%འཕར་བ་དང་། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་བསིལ་བཚོང་སྤྱི་འབོར་སྒོར་དུང་ཕྱུར34395ཡིན་པ་དེ་དུས་མཉམ་ལས2.5%འཕར་ཞིང་། ལོ་གཉིས་རིང་ཆ་སྙོམས་བྱས་ན1.5%འཕར། ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར34293ཡིན་པ་དེ་དུས་མཉམ་ལས18.9%འཕར་བས་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་ཆའི་རང་བཞིན་རྒྱུན་མཐུད་ངང་མངོན་པར་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།