ཀྲུང་གོ་བོད་ཀྱི་དྲ་བ།

ཧེ་ཁོའུ་རུ2021འཛམ་གླིང་ནུས་ཁུངས་གསར་བའི་རླངས་འཁོར་ཚོགས་ཆེན་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ9པའི་ཚེས15ཉིན་ལྟད་མོ་བ་ཞིག་གིས་མིན་ཅུའེ་རྟགས་ཅན་གྱི་གློག་འགུལ་རླངས་འཁོར་ལ་པར་བརྒྱག་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས15ཉིན་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་དང་ཧེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་སོགས་ཀྱིས་མཉམ་དུ་སྒྲུབ་པའི2021འཛམ་གླིང་ནུས་ཁུངས་གསར་བའི་རླངས་འཁོར་ཚོགས་ཆེན་ཧེ་ནན་ཞིང་ཆེན་ཧེ་ཁོའུ་གྲོང་ཁྱེར་དུ་བསྡུས། ཚོགས་ཐོག་ཏུ“ཁྱོན་ཡོངས་ནས་ཁྲོམ་ར་ཅན་སྐུལ་འདེད་དང་ཐོན་ལས་མཉམ་བསྲེས་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཐཱན་སྙོམ་སྦྱོར་མངོན་འགྱུར་འབྱུང་བར་ཧུར་ཐག་བྱེད་པ”བཅས་བརྗོད་གཞི་གསུམ་གྱི་སྟེང་ནས་བགྲོ་གླེང་བྱ་རྒྱུ་མ་ཟད། ཚེས17ཉིན་བར་ལག་རྩལ་དང་ཐོན་རྫས་འགྲེམ་སྟོན་བྱ་རྒྱུ་རེད། །

པར་འདི་ནི་ཟླ9པའི་ཚེས15ཉིན་ལས་བྱེད་མི་སྣས་ལྟད་མོ་བར་གསོག་རུང་གློག་རྫས་བཀོལ་བའི་འཕྲུལ་མི་ངོ་སྤྲོད་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ9པའི་ཚེས15ཉིན་ལས་བྱེད་མི་སྣས་ལྟད་མོ་བར་རང་འགུལ་ཅན་གྱི་གློག་རྫས་བརྗེ་སྤོ་ས་ཚིགས་ངོ་སྤྲོད་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ9པའི་ཚེས15ཉིན་ལྟད་མོ་བ་ཞིག་གིས་ཏཱ་ཀྲུང་རླངས་འཁོར་གྱི་གློག་འགུལ་སྟེགས་བུ་ལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།