ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་བརྒྱ་དང་གཅིག་པའི་ཨུ་ཡོན་ཀྲང་ཚོགས་འདུར་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས15ཉིན་གྱི་སྔ་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་བརྒྱ་དང་གཅིག་པའི་ཨུ་ཡོན་ཀྲང་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་མཛད།

པར་འདི་ནི་ཟླ9པའི་ཚེས15ཉིན་གྱི་སྔ་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་བརྒྱ་དང་གཅིག་པའི་ཨུ་ཡོན་ཀྲང་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་བཞིན་པའི་ཚུལ་རེད།

ཚོགས་འདུའི་སྟེང་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལི་ཧྥེ་ཡིས། ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཀྱི་འཆར་ཟིན་དང་སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས་གྱི་འཆར་ཟིན། རྩིས་བཤེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་གནད་དོན་གཙོ་བོ་རིགས་ལ་བཟོ་བཅོས་བྱེད་པའི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་ཕུལ།

ཨུ་ཡོན་ཀྲང་ཚོགས་འདུའི་ཁོངས་མིས་གོང་གི་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས། ཚོགས་འདུས་སྔར་ལས་ལྷག་པར་གོང་གི་བཅའ་ཁྲིམས་གྱི་འཆར་ཟིན་ཐད་བཏོན་པའི་བསམ་འཆར་ལ་ཞིབ་ཉན་བྱ་རྒྱུ་མ་ཟད་བཟོ་བཅོས་འཐུས་ཚང་དུ་གཏོང་དགོས་པའི་རེ་བ་བཏོན། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་དང་ཚའོ་ཅན་མིང་། ཧྲིན་ཡུའེ་ཡུའེ། ཅི་པིང་ཞོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། ཝན་ཨེ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཝུའུ་ཝུའེ་ཧྭ། དྲུང་ཡིག་ཆེན་མོ་དབྱང་ཀྲེན་ཝུའུ་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།