ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་དགོངས་དོན་གལ་ཆེན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་བྱེད་པ་དང་། དཔལ་ཡོན་དྲ་སྒྲུབ་དང་དཔལ་ཡོན་དྲ་སྤྱོད། དཔལ་ཡོན་དྲ་འཇུག དཔལ་ཡོན་དྲ་དར་བཅས་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་དགོས། དྲ་རྒྱའི་བར་སྟོང་གི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དྲ་ངོས་ཀྱི་ཀུན་སྤྱོད་དཔེ་སྟོན་སྣེ་ཁྲིད་ནུས་པ་ཇེ་ཆེར་གཏོང་དགོས། དྲ་རྒྱའི་བར་སྟོང་འགུལ་སྐྱོད་ཚད་ལྡན་དུ་འགྲོ་བར་ཤུགས་བསྣན་ནས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་དང་མཐུན་པའི་དྲ་རྒྱའི་མི་ཆོས་དང་འགུལ་སྐྱོད་སྒྲིག་སྲོལ་གསོ་སྐྱོང་བྱེད་དགོས། རྒྱ་ཆེའི་དྲ་དམངས་ཀྱིས་ཀུན་སྤྱོད་ལ་བརྩི་འཇོག་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པ་དང་། དཔལ་ཡོན་ལྡན་པའི་བསམ་བློ་བརྗེ་རེས་བྱེད་པ། རང་གཅུན་ཐུབ་པའི་སྒོ་ནས་མངོན་པར་བྱེད་པར་སྣེ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དྲ་རྒྱའི་དཔལ་ཡོན་བྱང་ཚད་མཐོར་འདེགས་སུ་གཏོང་བ་དང་། དྲ་རྒྱའི་ཁོར་ཡུག་ལེགས་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།